བྱ་བ་ཙག་ཙིག་ལས་བརྩེ་སེམས་ངོ་མ་མཐོང་ཐུབ།
2014.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

“རྔོན་རྐུན་དག་གིས་གནའ་རྔོན་གྱིན་འདུག  ཁྱོད་ཀྱིས་མྱུར་དུ་མི་འགའ་ཞིག་བོས་ཤོག་དང་། ང་ཚོ་བདའ་འདེད་དུ་འགྲོ”ཞེས་ཚེ་ཡག་རྒྱལ་གྱིས་ཉེན་ཁར་མི་འཛེམ་པར་སྡེ་བའི་སྡེ་དམངས་དག་དང་མཉམ་དུ་སྤྱི་ལེ་ཉི་ཤུ་རྩ་གསུམ་གྱི་བར་དུ་བདའ་སྟེ། མཐར་རྒྱལ་ཁབ་སྲུང་སྐྱོང་སྲོག་ཆགས་གནའ་བ་རྔོན་མཁན་གྱི་མི་ངན་དག་བཟུང་ནས། སྒྱོགས་འདེད་དང་མེ་མདའ་སོགས་ལག་ནས་བླངས་ཤིང་། མི་ངན་པ་དེ་དག་འབྲེལ་ཡོད་སྡེ་ཁག་ལ་བསྐྱལ།

ཉེ་བའི་ལོ་འདི་འགར། ཚེ་ཡག་རྒྱལ་གྱིས་གོང་རིམ་ལ་སྤྲད་པའི་སྦྲེ་དང་འཕྱི་བའི་པགས་པ་ཧ་ལམ་བརྒྱད་བརྒྱ་ལྔ་བཅུ་ལ་ཉེ་བ་རེད།

ལུས་པོ་སྐམ་ཞིང་ནག་པའི་ཚེ་ཡག་རྒྱལ་ནི་ཐེམ་ཆེན་རྫོང་ནས་སྐྱེས་པའི་མི་ཡིན་ལ། ལོ་ངོ་ཉེར་དགུའི་རིང་ལ། ཁོས་སྔ་རྗེས་སུ་སྡེ་བའི་ནང་དུ་རྩིས་གཉེར་པ་དང་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་ཞིང་། རྒྱུན་དུ་དཀའ་ངལ་ཁྲི་ཁྲག་གི་རྔུལ་ཆུ་དང་དུ་བླངས་ཏེ་འཕྲུལ་རྟར་ཞོན་ཏེ་སྡེ་བའི་ཁྱིམ་ཚང་རེ་རེའི་སྒོ་ཁ་ཉུལ་ནས། དབུལ་ཕོངས་ཀྱི་སྡེ་བ་ཆུང་ཆུང་དེ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད། ཁོས་དབུལ་བོའི་ཁྱིམ་ཚང་དག་ལ་རྒྱབ་སྐྱོར་དང་། ལྔ་སྐྱོང་ཁྱིམ་ཚང་ནང་དུ་འཇོག་པ་སོགས་རང་ཉིད་ཀ