འབྲོག་པའི་བུ་ཕྲུག་ཅིག་ནས་བོད་ཀྱི་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་གླུ་བ་གྲགས་ཅན་ཞིག་དང་། བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་གླུ་བ་ཞིག་ནས་མཐའ་འཁོར་གྱི་མང་ཚོགས་ཕྱུག་བསྒྱུར་གྱི་ལམ་དུ་ཁྲིད་པའི་ལྕགས་རྟ་རྩལ་འགྲན་སྣེ་ཁྲིད་པར་གྱུར་ལ། ད་ལྟ་ཡང་སེམས་ཤུགས་ལ་ཉམས་པ་མེད་པར་རང་ཉིད་ཀྱི་ཕུགས་འདུན་ཞིག་ལ་བསྙེགས་དང་སྙེག་བཞིན་ཡོད། ཁོ་ནི་མཚོ་བྱང་ཁུལ་མདའ་བཞི་ཚོ་བའི་ཕྱུག་བསྒྱུར་སྣེ་ཁྲིད་པ་དང་། འབྲོག་པའི་སེམས་ནང་གི་བུ་ཕྲུག་བཟང་བོ་བློ་བཟང་རྒྱ་མཚོ་རེད། 2010ལོར། བློ་བཟང་རྒྱ་མཚོས་རང་ཉིད་ཀྱི་གླུ་དབྱངས་ཆེད་བསྒྲིགས་བརྙན་འཁོར་ཐོག་མ“རྨི་ལམ་ཁྲོད་ཀྱི་སྒྲོལ་མ”ཞེས་པ་འགྲེམ་སྤེལ་བྱས། དེའི་ཁྲོད་གླུ་དབྱངས་ལྔ་ནི་རང་གི་ཕ་ཡུལ་ལ་བསྟོད་པའི་སྐོར་རེད།
2005ལོ་ནས་མགོ་བརྩམས་ཏེ། གླུ་ལེན་གར་རྩེད་ལ་མཁས་པའི་བློ་བཟང་རྒྱ་མཚོས་ཕྱུགས་འཚོ་བའི་ལས་ཀ་བསྐྱུར་ཏེ། ཕ་མེས་ཡང་མེས་འཚོ་གནས་བྱེད་སའི་ཕྱུགས་ར་ནས་བོད་ཁྱིམ་དམངས་སྲོལ་གནས་སྐོར་གྱི་ཚོང་གཉེར་བྱས།
ལོ་འགའི་རྗེས་སུ། བློ་བཟང་རྒྱ་མཚོའི་བོད་ཁྱིམ་དམངས་སྲོལ་ར་བའི་ཚོང་ཁ་ཉིན་རེ་ནས་ཉིན་རེར་གོང་འཕེལ་བྱུང་སྟེ། ལོ་རེའི་ཡོང་སྒོ་སྒོར་ཁྲི་ཉི་ཤུ་ཡས་མས་ལེན་ཐུབ་པ་བྱུང་། ཉིས་སྟོང་བཅ