འབྲོག་པ་མང་ཚོགས་སེམས་ཁོངས་ཀྱི་ལས་བྱེད་པ་བཟང་བོ།
2014.08.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

གྲལ་དག་ཅིང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁང་བའི་མཚོ་སྔོན་ལྷོ་ཕྱོགས་ཀྱི་རྩྭ་ཐང་མཛེས་པར་སྤྲས་ཡོད་ལ། བདེ་ཞིང་ཁོད་སྙོམས་པའི་ཨར་འདམ་གྱི་ལམ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཁྱིམ་ཚང་རེ་རེའི་སྒོ་ཁར་འཐེན་ཡོད། རླངས་འཁོར་སྣ་ཚོགས་ལམ་ནང་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ། སྡོད་ཁུལ་དང་ཉོ་འཚོང་ཁུལ། སྤྲོ་སྐྱིད་གཏོང་ཁུལ། སློབ་གྲྭ་སོགས་རྨང་གཞིའི་སྒྲིག་ཆས་ཚང་མ་འཛོམས་ཡོད། གནས་དེ་ནི་མཚོ་ངོས་ལས་མུས་སྟོང་གསུམ་དང་སུམ་བརྒྱ་ཡོད་པའི་རྐ་འབའ་སུམ་མདོ་གྲོང་རྡལ་རེད།

རྐ་འབའ་སུམ་མདོ་གྲོང་རྡལ་དུ་བཀྲ་ཤིས་རྒྱལ་གླེང་སྐབས། མི་མང་པོ་ཞིག་གིས་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་ཡོད། ཁོ་ཚོས་བཤད་རྒྱུར། “བཀྲ་ཤིས་རྒྱལ་གྱིས་མང་ཚོགས་དང་འབྲེལ་འདྲིས་བྱས་ཏེ། སེམས་སུ་ནམ་ཡང་མི་དམངས་ཀྱི་ཁེ་ཕན་བཟུང་ཡོད་ལ། རང་ནུས་ཡོད་ཚད་ཀྱིས་མང་ཚོགས་ལ་དོན་དངོས་སྒྲུབ་པས། ཁོ་ནི་ང་ཚོའི་ཡིད་ཆེས་བྱས་ཆོག་པའི་ལས་བྱེད་བཟང་བོ་ཡིན”ཟེར།

གཟུགས་བོངས་ཅུང་ཆེ་ལ་ངོ་གདོང་ཅུང་སྨུག་པ་དང་། ད་ལོར་ལོ་ཞེ་གཉིས་ཡིན་པའི་བཀྲ་ཤིས་རྒྱལ་ནི་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའི་རེད། ཁོས་ཞང་དང་གྲོང་རྡལ་ནས་ལོ་ངོ་ཉེར་གཅིག་གི་རིང་ལ་བྱ་བ་སྒྲུབ་པ་དང་། སྔ་རྗེས་སུ