འཆམ་མཐུན་དང་བརྩེ་བས་ཁེངས་པའི་ཁྱིམ་ཚང་ཞིག
2014.08.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

འཕགས་མོ་སྒྲོལ་མའི་ཁྱིམ་ཚང་ནི་ཨ་ཁུ་ཉི་མ་དང་ཁ་ལེན་ཚིག་རྩིས་ཀྱི་བུ་མོ་གཉིས་བཅས་ཀྱིས་གྲུབ་པའི་ཆེས་སྤྱིར་བཏང་གི་བཟའ་མི་ལྔ་ལྡན་གྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་ཡིན། ཁོ་ཚང་ལ་ཡང་ཁྱིམ་ཚང་མང་པོ་ཞིག་དང་འདྲ་བར་གླེང་རིན་ཡོད་པའི་བྱ་གཞག་ཆེན་པོ་མེད་པར། བྱ་བའི་ལས་རྐང་དུ་ཁོ་མོས་རང་ལ་རེ་བ་མཐོན་པོ་བཅངས་ཏེ་ལེགས་འབྲས་ལ་བརྩོན་པ་དང་། སྤྱི་ཚོགས་དང་ཁྱིམ་ཚང་གི་འཚོ་བའི་ཁྲོད་དུའང་རང་གི་ལས་འགན་བརྟན་པོར་སྲུང་བར་འབད་ནས་རང་ནུས་ཅི་ལྕོགས་སྒོས་ཕ་མའི་མིག་ལམ་གྱི་བྱིས་པ་དང་ཁྱོ་གའི་སེམས་ཁོང་གི་ཆུང་མ། བྱིས་པའི་མིག་ལམ་གྱི་ཡུམ་ཆེན་བཟང་བོ་ཞིག་གི་སྣང་བརྙན་བསྐྲུན་ནས་ཡོད། ཁྱིམ་མི་གང་བོའི་རྒན་བཀུར་གཞོན་གཅེས་དང་བསྲི་ཚགས་ཁྱིམ་སྐྱོང་། རོགས་རེས་ལ་དགའ་བ་དང་ཚན་རིག་དང་མཐུན་པའི་བྱིས་པ་སྐྱོང་བའི་དཔལ་ཡོན་ཁྱིམ་ཚང་ཞིག་གི་སྲོལ་བཟང་ནི་ལས་གྲོགས་བར་དང་། སྤྱི་ཚོགས་སྟེང་དུ་ཚད་མཐོ་བའི་བསྔགས་བརྗོད་དང་དཔྱད་འཇོག་བྱེད་བཞིན་ཡོད།

 

ཕན་ཚུན་ལ་བརྩི་བཀུར་བྱེད་པ་ནི་ཁྱིམ་ཚང་འགྲིག་མཐུན་ཡོང་བའི་རྨ