དམངས་ཀྱི་སེམས་ཁོངས་ན་གནས་པའི་བསྟན་པ་དར་རྒྱས།
2014.08.13 ཁུངས། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 42

བསྟན་པ་དར་རྒྱས་ནི1960ལོར་ཐེམ་ཆེན་རྩྭ་ཐང་དུ་སྐྱེས་ཤིང་། ཁོ་རང་སློབ་གྲྭ་རབས་དང་རིམ་པ་འགྲིམས་མ་མྱོང་ན་ཡང་། ཆུང་དུས་སུ་སྡེ་བའི་ཕུལ་བྱུང་ཕྱུགས་རྫི་ལ་བདམས་པ་ནས་རིམ་གྱིས་ཕ་ཡུལ་གྱི་དམག་དཔུང་གི་གྲས་སུ་ཞུགས་ཏེ་མཛད་རྗེས་གང་མང་བླངས་པར་བརྟེན། སྤྱིར་བཏང་གི་ཕྱུགས་རྫི་ཞིག་ནས་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་ལ། རྒྱལ་ཁབ་ཀྱི་ལས་བྱེད་ནས་ཕ་ཡུལ་གྱི་ཞང་ཀྲང་ཞིག་ཏུ་གྱུར། ལྷག་པར་དུ་དམངས་སྲིད་ཀྱི་བྱ་བ་སྒྲུབ་པ་ནས་དབུལ་ཕོངས་ཁྱིམ་ཚང་གང་མང་ཞིག་གི་འཚོ་བའི་དཀའ་ངལ་སེལ་བ་དང་། ད་ལྟ་ཁོ་རང་ལས་འཁྱུར་ངལ་གསོ་བྱས་ཀྱང་མང་ཚོགས་ཀྱི་སེམས་ན་ནམ་ཡང་ཁོའི་མཛད་རྗེས་རེ་རེ་ནི་རྡོ་བརྐོས་རི་མོ་བཞིན་དུ་གསལ་ཡོད།

ཁོ་ནི་ཆུང་དུས་ནས་བཟུང་ཡ་རབས་སྤྱོད་བཟང་གི་མི་ཞིག་ཡིན་པས། མང་ཚོགས་ཀྱིས་རེ་བ་ཆེན་པོ་བཅངས་ཏེ་སྔ་གཞུག་ཏུ་ཐེམ་ཆེན་རྫོང་མཁར་དམར་ཞང་རྣ་རྫོང་རུ་ཆེན་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་རི་གཙོ་ལ་བདམས། 1973ལོར་ཕ་ཡུལ་ནས་དམག་དཔུང་གི་གྲས་སུ་ཞུགས་ཏེ་ཆབ་སྲིད་ཀྱི་སློབ་གསོ་མྱངས་ཤིང་། ཕྱུགས་ལས་ཐོན་སྐྱེད་ཀྱི་ཐད་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱེད་པས་འབྲས་བུ་གཡུར་ཏུ་ཟ་བ་བླངས་ལ།1978ལོར་མཚོ་ནུབ་ཁུལ་ཏང་ཨུ་དང་ཡན་ལག་དམག་ཁུལ་གྱིས་བསྒྲུབས་པའི་དམག་དོན་སྦྱོང་བརྡར་ཁྲོད་