མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྣེ་ཁྲིད་པ།
2014.08.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

ལོ་ངོ་མང་པོའི་རིང་། ཁོས་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་དང་བྱ་བའི་བྱེད་སྟངས་ནན་ཏན། གདེང་ཚོད་ཡོད་པའི་མི་ཚེའི་དམ་ཚིག བབས་ཆགས་པའི་དམངས་གཅེས་ཀྱི་སེམས་པ་བཅས་བྱ་བའི་ལས་གནས་སོ་སོའི་སྟེང་རྒྱུན་འཁྱོངས་བྱས་པ་དང་། ཁྱད་པར་དུ་འབྲི་སྟོད་རྫོང་དུ་བྱ་བ་སྒྲུབ་པའི་དུས་སྐབས་སུ། ཁོས་རང་དཔེ་གཞན་སྟོན་བྱས་ཏེ། ཆེ་ཕྱོགས་བསམ་པ་དང་ཡོད་ཚད་འབུལ་བའི་སྙིང་སྟོབས་སྟར། མཐུན་སྒྲིལ་གྱིས་འབྲི་སྟོད་རྫོང་དྲིལ་སྒྲོག་བསམ་བློའི་རིག་གནས་མ་ལག་གི་ལས་བྱེད་མི་སྣ་ཡོངས་ཀྱི་ནན་ཏན་སྒོས་བྱ་བ་སྒྲུབ་པར་སྣེ་ཁྲིད་དེ། བྱ་བའི་གྲུབ་འབྲས་མངོན་པར་གསལ་བ་དེས་འབྲི་སྟོད་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན་ལ་བྱས་རྗེས་མི་དམན་པ་བཞག ཁོ་ནི་འབྲི་སྟོད་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་འོད་ཟེར་རྒྱ་མཚོ་རེད།

འོད་ཟེར་རྒྱ་མཚོས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ནན་ཏན་སྒོས་ལག་ལེན་ཏུ་བསྟར་བ་དང་། བསམ་བློ་དང་གཏམ་སྤྱོད་ཀྱི་སྟེང་དུས་ནམ་ཡང་ཏང་དང་ཚད་མཐོན་པོས་གཅིག་གྱུར་བྱས་ཡོད། ནང་ཆེན་རྫོང་ནས་ད་ལྟ་འབྲི་སྟོད་རྫོང་དུ་ལོ་མང་པོའི་རིང་ལ་གཞི་རིམ་དུ་བྱ་བ་སྒྲུབ་པས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ལ། “མི་རིགས་མཐུན་སྒྲ