ལོ་ངོ་བཅུ་གཅིག་རིང་གི་གཞན་ཕན་གྱི་ལྷག་བསམ།
2014.08.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 37

ཕྱགས་མ་གཅིག་དང་སྒུལ་འཁོར་གཅིག་གིས་མི་ཚེའི་ཁྲོད་ཀྱི་ཆེས་མཛེས་པའི་ལང་ཚོའི་ལོ་ཟླར་ཁ་དོག་གསར་བ་ཞིག་བསྣན་ནས་ཡོད།

རྩུབ་པའི་ལག་ཟུང་དང་མདངས་ཉམས་པའི་ཁ་ཤ་ལས། ཉི་མ་སུམ་སྟོང་དྲུག་བརྒྱའི་རིང་ལ་གནས་ངེས་མེད་དུ་འགྲོ་འདུག་བྱེད་བཞིན་པའི་འཚོ་བ་ཞིག་རོལ་བཞིན་པ་ངང་གིས་ཤེས་ཐུབ།

མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ལས་གནས་སྟེང་དུ། ལོ་ངོ་བཅུ་གཅིག་རིང་ལ་གནང་བ་ཞུས་མ་མྱོང་ཞིང་མི་གཞན་ལ་ལས་ཚབ་བྱེད་དུ་མ་བཅུག་པ། གཙང་སྦྲ་བྱེད་ཁུལ་གྱི་སྡོད་དམངས་བར་ལ་འགལ་བའང་བྱུང་མ་མྱོང་བ། ལས་ཁུངས་ཀྱི་ལས་གྲོགས་ཕན་ཚུན་བར་མཐུན་སྒྲིལ་བྱས་ཏེ་རང་གི་འབད་བརྩོན་དང་ལས་གནས་བརྟན་སྲུང་བྱས་པའི་རྐྱེན་གྱིས་གོང་རིམ་གྱིས་ཁས་ལེན་འཐོབ་པ་དང་མང་ཚོགས་ཀྱིས་བརྩི་བཀུར་ཐོབ་བཞིན་པའི་བུད་མེད་གཙང་སྦྲ་བྱེད་མཁན་ཝུའུ་ཞན་མེ་ཟེར་བ་ཞིག་ཡོད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བལ་སྐུད་བཟོ་གྲྭ་ལས་བུད་པའི་བུད་མེད་བཟོ་ལས་པ་འདི་ནི། སྤྱི་ཕན་རང་བཞིན་ལྡན་པའི་ལམ་བུ་འདི་རུ་གཙང་སྦྲའི་བྱ་བ་གཉེར་བའི་ཚུན་དུ། དཀའ་སྡུག་ལ་མི་སྐྲག་པ་དང་གད་སྙིགས་ལ་མི་འཛེམ་པར་ལོ་ངོ་བཅུ་གཅིག་གི་རིང་དུ་རྫོང་མཁར་འདིའི་སྲང་ལམ་ཆེ་ཆུང་མང་པོར་གཙང་སྦྲ་བྱས་པ་རེད། ཟླ་རེའི་གླ