རྡོ་རྗེ་ཚེ་བརྟན་གྱིས་བརྩེ་སེམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་བཟུང་བ།
2014.10.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

ཁྲི་ཀ་རྫོང་གི་རྨ་ཆུའི་འགྲམ་རྒྱུད་དུ་འཚར་ལོངས་བྱུང་བའི་བློ་མཐུན་རྡོ་རྗེ་ཚེ་བརྟན་གྱིས་ང་ཚོར་བཞག་པའི་ཆེས་ཟབ་པའི་བག་ཆགས་ཤིག་ནི་ཁོའི་ལྷད་མེད་ཀྱི་འཛུམ་མདངས་དེ་རེད། ཧྲན་ཞི་དགེ་ཐོན་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ཁོ་རང་ཕ་ཡུལ་དུ་ལོག་ཅིང་། བློ་གཅིག་སེམས་གཅིག་གིས་གཞི་རིམ་སློབ་གསོའི་ལས་དོན་ལ་གཞོལ་བ་རེད།

རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར། རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱོན་ཡོངས་ནས་གོང་དུ་སྤེལ། ཁྱོད་ཚོས་ལྟོས་དང་།ད་ལྟ་ང་ཚོའི་སློབ་གྲྭ་ཅི་འདྲའི་མཛེས་པ་ལ་ཟེར། ང་ཚོས་བཅར་འདྲི་བྱེད་དུས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་རྡོ་རྗེ་ཚེ་བརྟན་གྱིས་སྔོན་ལ་སློབ་གྲྭའི་འཛུགས་བསྐྲུན་ལ་བསྔགས་བརྗོད་བྱེད་པ་ལས། ཁོ་རང་གིས་ཅི་དང་གང་ཞིག་བསྒྲུབ་པ་ངོ་སྤྲོད་མི་བྱེད། ང་ཚོས་ཁོའི་སར་ནས་རྒྱུས་ལོན་བྱུང་བ་ནི། སློབ་གྲྭ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས་དྲུག་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཐུན་མོང་གི་ནང་དུ་ཚུད་པ་དེ་རེད། ལོ་འདི་དག་གི་རིང་ལ། སློབ་གྲྭའི་རིག་གནས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱུང་བ་དང་། ཁོར་ཡུག་ཇེ་ལེགས་སུ་སོང་བར་བརྟེན་སློབ་