བསོད་ནམས་དོན་འགྲུབ་ཀྱི་ལོ་ངོ་ལྔ་བཅུའི་མི་ཚེ་བཤུལ་ལམ་ལ་ཕྱིར་ལྟ་ཞིག་བྱས་ན། ལོ་སོ་ལྔའི་སྔོན་ལ་ཁོ་རང་རི་ཚོགས་ཀྱི་ཕ་རོལ་བརྒལ་ཏེ་འཚོ་བ་སྐྱིད་པོ་རོལ་ཆེད་སྒོར་མོ་བཙལ་ཏུ་ཕྱིན་པ་རེད། ལོ་སོ་ལྔའི་རྗེས་སུ། ཁོས་དཀའ་ཚེགས་ཀྱིས་བསགས་པའི་རྒྱུ་ནོར་བཀོལ་ནས་ཕ་ཡུལ་གྱི་ཕྱུག་འགྱུར་ཆེད་དུ་ལམ་ལས་པ་རེད།
ཁོའི་གྲོགས་པོ་ཚོས་ཁོ་ནི་ཚོང་པ་ཚད་ལྡན་ཞིག་མིན་ཟེར། ཡིན་ནའང་བསོད་ནམས་དོན་འགྲུབ་ཀྱིས་ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་ཟེར།
འབའ་ལྷག་སྡེ་བ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་འབའ་ལྷག་དཀར་རྫོང་གངས་རིའི་འདབས་སུ་ཆགས་པའི་བོད་སྡེ་ཞིག་ཡིན། གནས་འདིར་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་ཡང་། འགྲིམ་འགྲུལ་སྟབས་མི་བདེ་ལ་རི་ཚོགས་ཀྱི་གསེང་དུ་ཡོད།
སྡེ་མི་རྣམས་འཚོ་བ་འདི་འདྲར་ཡིད་སེམས་ཀྱི་གཏིང་ནས་དགའ་བོ་མེད་པས། སྡེ་བ་དེ་ཡང་ཁོ་རང་ཆུང་དུས་ཀྱི་ཁྱིམ་ཚང་དྲུག་ཅུ་ནས་ད་ལྟའི་ཁྱིམ་ཚང་བཅུ་བཞི་རུ་གྱུར།
བསོད་ནམས་དོན་གྲུབ་ཀྱིས་བཤད་རྒྱུར། བདག་གི་ཕ་ཡུལ་ནི་འབའ་ལྷག་དཀར་རྫོང་གངས་རིའི་འདབས་སུ་ཆགས་ཡོད་པ་དང་། ཡུལ་ལྗོངས་ལྟ་ན་སྡུག་ཅིང་ངག་རྒྱུན་གྱི་གཏམ་རྒྱུད་མང་པོའི་གནས་ཤིག་ཡིན་པས། མི་སྔར་ལས་མང་པོ་གནས