ཡུས་ཧྲུའུ་ཁུལ་གྱིས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པར་ལན་བཏབ་པ་དང་འབུར་ཐོན་གནད་དོན་ཐག་བཅད་པ།
2014.10.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 43

ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དེ་དག་ཐེར་བཅོས་སྐྱོང་དང་ཐེ་མཐོར་གཏོང་བའི་དུས་སྐབས་སུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གནད་དོན་གྱི་འདྲེན་ཕྱོགས་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཧུར་བརྩོན་གྱིས་ཐག་བཅད། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་བྱ་བ་གཙོ་སྒྲུབ་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་རེ་རེ་བཞིན་དག་ཐེར་བཅོས་སྐྱོང་བྱེད་ཐབས་དོན་འཁྱོལ་བྱས།

དག་ཐེར་བཅོས་སྐྱོང་བྱེད་དུས། ཡུས་ཧྲུའུ་ཁུལ་གྱིས་ནན་ཏན་སྒོས་ཞིང་ཆེན་སྲིད་གཞུང་གིས་སྲིད་འཛིན་ཞིབ་མཆན་བཀོད་པའི་དོན་ཚན་སུམ་བརྒྱ་རེ་བཞི་གཞི་རིམ་དུ་བཏང་བ་དང་ལེགས་སྒྲིག་བྱས་ནས་མེད་པར་བཟོས་པ་དངོས་འབེབས་དང་ཞིབ་མོར་བགོས་པ་དང་། ཁུལ་དང་རྫོང་གི་སྲིད་འཛིན་ཞིབ་མཆན་བཀོད་པའི་རྣམ་གྲངས་ཉེར་བདུན་ཚད་ལྡན་དུ་བཏང་། ཁྲིམས་བསྟར་ལྟ་སྐུལ་དོ་དམ་སྡེ་ཁག་དང་སྒེའུ་ཁུང་ཞབས་ཞུ་སྡེ་ཚན་གྱིས་བྱ་བ་སྒྲུབ་རིམ་ཚད་ལྡན་དུ་བཏང་བ་དང་། དངུལ་སྡུད་རྣམ་གྲངས་དང་ཚད་གཞི་ཡོངས་བསྒྲགས་བྱས་ནས། མི་དམངས་ལ་སྟབས་བདེ་བའི་བློ་འདྲི་ས་གང་སར་བཙུགས་ཡོད་པར་མ་ཟད། བོད་རྒྱ་སྐད་གཉིས་ཤེས་པའི་མི་སྣ་བཀོད་སྒྲིག་བྱས་ནས་བོད་རིགས་མང་ཚོགས་ཀྱི་ཡིག་ཐོག་སྙན་ཞུ་ལས་དོན་སྒྲ