དབྱར་དུས་ཀྱི་ཞིན་ཧེ་རྫོང་འབྲོང་ཐུལ་ཞང་གྱི་ལིང་སྡེ་བ་ནི་ལྗང་མདོག་གི་རྣམ་པས་ཡོངས་སུ་ཁེངས་འདུག ལོ་ན་སོ་གཅིག་ལ་སོན་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ནོར་རྒྱས་འབུམ་ཉི་འོད་གསལ་ལེར་འཕྲོ་ཞིང་གསར་དུ་ལས་མ་ཐག་པའི་སྡེ་བའི་སྡེ་དམངས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་ལྷས་ར་ནས་ལངས་ཏེ། ཡངས་ཤིང་གསལ་བའི་གྲོས་ཚོགས་ཁང་དང་གཞུང་ལས་ཁང་། དཔེ་མཛོད་ཁང་། མཛོད་ཁང་བཅས་ལ་ལྟ་ཞོར་དུ་འཛུམ་དམུལ་དམུལ་བྱེད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་ལ་གནས་སྤོར་བ་ནས་གཏན་སྡོད་བྱེད་དུ་བཅུག་པའི་གཞུང་དོན་སྒྲུབ་ས་འདིས་སྡེ་དམངས་ཀྱི་སྡེ་བ་རིམ་པའི་རྩ་འཛུགས་འཚོལ་བར་ཧ་ཅང་སྟབས་བདེ་བཟོས་ལ། སྡེ་བའི་ལས་བྱེད་པར་གཞུང་དོན་སྒྲུབ་ས་ཞིག་དགོས་པའི་རེ་བའང་བསྐངས།
གྱི་ལིང་སྡེ་བ་ནི་ཨ་མྱེས་རྨ་ཆེན་གངས་རི་བྱང་རྒྱུད་ཀྱི་ལུང་ཁོག་ཅིག་ཏུ་ཆགས་པས། རང་བྱུང་ཆ་རྐྱེན་ཞན་ལ་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་མིན། དེའི་ཁར་སྡེ་དམངས་ཐར་ཐོར་དུ་གནས་པས་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་བའི་བྱ་བ་བཀོད་སྒྲིག་བྱེད་པའི་ཚོགས་འདུ་ཚོགས་ན། སྡེ་བ་དང་སྤྱི་ལེ་དགུ་ཡོད་པའི་བྱ་འགུལ་ཁང་དུ་འགྲོ་དགོས་པ་དང་ཚང་མར་དཀའ་ལས་ཆེ་བས་མང་ཚོགས་ལ་བསམ་འཆར་ཧ་ཅང་ཆེ།
ཞིན་ཧེ་རྫོང་གིས་རྫོང་ཡོངས་ཞིང་ཆེན་ཡོངས་དང་མཉ