ཕུ་ནུ་གཉིས་ཀྱི་ཐང་གའི་སྒྱུ་རྩལ་རྒྱུད་འཛིན་བྱེད་པའི་ཕུགས་འདུན།
2014.10.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཉེ་ལམ། ཟི་ལིང་དགོང་དྲོའི་ཚགས་པར་གྱི་གསར་འགོད་པར་གྲོགས་པོས་མཚམས་སྦྱོར་བྱས་པ་བརྒྱུད་ནས། རེབ་གོང་ཀླུ་སྒྲུབ་ལྷ་རིས་གསར་བཞེངས་མཁན་བཀྲ་ཤིས་རྒྱ་མཚོ་དང་མཆོག་གྲུབ་ཟེར་བའི་སྤུན་དེ་གཉིས་ངོ་ཤེས་པར་གྱུར། ཁོ་ཚོས་དུས་རྒྱུན་གྱི་འགྲོ་འོང་དང་འབྲེལ་འདྲིས་བརྒྱུད་ནས་ཁོ་སྤུན་གཉིས་ཀྱི་ལྷད་མེད་པའི་ལྷག་བསམ་གཙང་མ་དེས་གསར་འགོད་པར་བག་ཆགས་ཟབ་མོ་ཞིག་བཞག་པར་མ་ཟད། ཁོ་སྤུན་གཉིས་ཀྱིས་ཉིན་བརྒྱ་ཉིན་གཅིག་ལྟར་ལོ་ཡི་འཁོར་མོ་རེ་རེ་ཕར་བསྐྱལ་ཞིང་། རང་ཉིད་ཆེས་དགའ་བའི་ཐང་ག་འབྲི་བཞེངས་བྱེད་པའི་ལས་ཀ་དེར་ལེ་བདའ་དང་འཁང་ར་ཅི་ཡང་མེད་པར་རང་གི་ཡོད་ཚད་ཕུལ་འདུག་པའི་གནས་ཚུལ་དེའང་གསལ་བོར་རྟོགས།

ཐུན་རིན་རྫོང་རོང་བོ་གྲོང་རྡལ་གྱི་ཉེ་འགྲམ་དུ་ཆགས་ཡོད་པའི་སེང་གེ་གཞོང་སྡེ་བ་དང་གཉན་ཐོག་སྡེ་བ། སྒོ་དམར་སོགས་རང་བྱུང་སྡེ་བ་བཞི་ནི་གནའ་ནས་བཟུང་རེབ་གོང་སྒྱུ་རྩལ་དར་སྤེལ་བྱེད་ས་གཙོ་བོར་ངོས་འཛིན་བཞིན་ཡོད་པས་མི་རྣམས་ཀྱིས་དེ་ལ“རེབ་གོང་སྒྱུ་རྩལ་གྱི་ཕ་ས”ཞེས་འབོད་ཀྱིན་ཡོད། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་སྡེ་བ་དེ་ཚོའི་ནང་གི་སྐྱེས་པ་མང་ཆེ་ཤོས་ཀྱིས་ཆོས་ལུགས་དགོན་སྡེ་ཁག་ནས་དར་སྤེལ་བྱུང་བའི་སངས་རྒྱས་ཆོས་ལུགས་ཀྱི་ཐང་ག་འབྲི་བཞེངས་བྱེད་པའི་ལག་རྩལ་རྒྱ