ང་རང་ཉིད་ཀྱི་ཕ་ཡུལ་གླེང་བར་སྤྲོ།
2014.11.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 33

789.jpg

ད་ལོའི་ཟླ་དྲུག་པར། སྐབས་བཅུ་བདུན་པའི་ཧྲང་ཧེ་གློག་བརྙན་དུས་ཆེན་སྟེང་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«གཡང་མདའ»ཞེས་པར་ཕུལ་བྱུང་བརྙན་ཕབ་ཀྱི་བྱ་དགའ་ཐོབ། ཟླ་གསུམ་གྱི་རྗེས་སུ་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་གཅན་ཚ་རྫོང་མཁར་ལ་གཞི་ནས་སྟོན་མགོ་ཚུགས་བྱུང་། ཉིན་དེར«གཡང་མདའ»ཞེས་པའི་གློག་བརྙན་དེ་ཕབ་སྐྲུན་བྱེད་ཡུལ་གྱི་ས་ཁུལ་ཏེ་གཅན་ཚ་རྫོང་ནས་ཐོག་མར་འགྲེམ་སྟོན་བྱེད་མགོ་བརྩམས་ཤིང་། ལྟད་མོ་བ་ཁྲི་ཕྲག་ལ་ཉེ་བ་ཙམ་གྱིས་མཉམ་དུ་གློག་བརྙན་དེར་རོལ་མྱོང་བྱས་པ་རེད། “སྐབས་དེར་སྨྲ་མི་ཤེས་པའི་ཚོར་བ་ཞིག་ངའི་སེམས་ངོགས་སུ་འཕྱོ་ཞིང་། གློག་བརྙན་གྱི་ལས་ཀ་གཉེར་མཁན་ཞིག་ལ་མཚོན་ན་འདི་ནི་ཆེས་ཡིད་དུ་འོང་བའི་དུས་སྐབས་འབའ་ཞིག་རེད།”   «གཡང་མདའ»འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་པདྨ་ཚེ་བརྟན་གྱིས་ཉིན་དེར་ཁོའི་སྐད་འཕྲིན་སྟེང་དུ་དེ་ལྟར་བྲིས་འདུག

ཉིས་སྟོང་བཅུ་གསུམ་ལོའི་ལོ་མཇུག་གི་དགུན་ཁ་དེར། ག