དགེ་རྒན་གཡང་མོ་སྐྱིད་ཀྱིས་བསྐྱངས་པའི་སློབ་མ་རེ་རེ།
2014.11.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 48

ཏ་ཐུང་ཧོས་རིགས་རང་སྐྱོང་རྫོང་མི་རིགས་ཆ་ཚང་སློབ་ཆུང་གཉིས་པའི་མཐོ་འབྲིང་དང་པོའི་སློབ་ཁང་ནང་དུ། གྱང་ངོས་སུ་བཟོ་རྩལ་ཞིབ་ཚགས་ཡིན་པའི་གཙགས་དྲུབས་རི་མོ་གཉིས་བཀལ་ཡོད་པ་དང་། སློབ་གྲོགས་ཚོས་མཚམས་སྦྱོར་བྱས་པའི་གནས་ཚུལ་ལྟར་ན། གཙགས་དྲུབས་དེ་ནི་དགེ་རྒན་གཡང་མོ་སྐྱིད་ཀྱིས་སློབ་མ་ཚོར་སྐུལ་ལྕག་བྱེད་སྤྱད་དུ་རང་ཉིད་ཀྱིས་དངོས་སུ་བཟོས་པ་ཞིག་ཡིན་པ་དང་། སློབ་གྲོགས་ཚོའི་ཁ་ནས་གོ་ཐོས་ལྟར་ན། དགེ་རྒན་གཡང་མོ་སྐྱིད་ནི་འཛིན་གྲྭ་འདིའི་འཛིན་བདག་ཡིན་པར་མ་ཟད་ད་དུང་ལོ་རྒྱུས་དགེ་རྒན་ཡང་ཡིན་ཟེར། 

དགེ་རྒན་གཡང་མོ་སྐྱིད་ནི་1996 ལོར་བྱ་བར་ཞུགས་པ་དང་། ད་ལྟའི་བར་དུ་ལོ་ངོ་བཅུ་དགུ་འགོར་ཞིང་། དུས་ཡུན་རིང་བོའི་སློབ་གསོའི་བྱ་བའི་ཁྲོད་དུ། ཁོ་མོས་སློབ་མ་རྣམས་ལ་རང་གི་བྱིས་པ་ལྟར་གཅེས་སྐྱོང་བྱེད་ལ། གཅེས་སེམས་ལྡན་པའི་སྒོ་ནས་སློབ་མ་ཚོར་ཤེས་བྱའི་བདུད་རྩིར་ཅི་དགར་སྩོལ་བཞིན་མཆིས། དཀའ་ངལ་ཆེ་བའི་སློབ་མ་དང་། དྭ་ཕྲུག་རྣམས་ཀྱི་སློབ་སྦྱོང་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏོང་ཆེད། དགེ་རྒན་གཡང་མོ་སྐྱིད་ཀྱིས་ལྭ་བ་འཐག་ནས་སློབ་གྲོགས་ཚོར་སྐུལ་མ་བྱས་པ་དང་། ཁོ་ཚོ་ནི་ཁྲག་རྒྱུད་ཀྱི་འབྲེལ་བ་ཅུང་ཙམ་ཡང་མེད་པའི་ཁྱིམ་ཚང་ཞིག་ཡིན་ལ། ཁོ་ཚོའི་བར་དུ་མཛའ་བརྩེ