གསར་འགོད་པ་ཟི་ལིང་ནས་གཅིག་སྒྲིལ་བར་གྱི་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་སྒོ་མེ་ཕུགས་ལམ་བརྒྱུད་ནས་ཁྲི་ཀར་བཅར་འདྲི་བྱེད་དུ་སོང་བ་ཡིན། སྒོ་མེ་ལ་ནི་རི་བོ་ཉི་ཟླ་དང་འབྲེལ་བའི་མདོ་ལ་རིང་མོའི་རི་རྒྱུད་དུ་གཏོགས་ལ། ཟི་ལིང་ནས་ཁྲི་ཀར་འགྲོ་བའི་ལམ་བར་དུ་ཡོད། སྒོ་མེ་ལ་ཡི་ཕུགས་ལམ་ངོ་ལོ་བཞིའི་དུས་ཚོད་སྤྱད་ནས་གྲུབ་པ་ཞིག་ཡིན་པས་རླངས་འཁོར་ཕར་གཏོང་ཚུར་འོངས་ལ་སྟབས་བདེ་ངེས་ཅན་བཟོས་འདུག
ཐེངས་འདིར་ངས་བཅར་འདྲི་བྱེད་ཡུལ་ནི་སྟག་ལྷ་ཐར་ཡིན། སྟག་ལྷ་ཐར་ནི་ཕ་མེས་རིང་ནས་ཕྱུགས་ལས་གཉེར་བའི་འབྲོག་པ་ཞིག་ནས་དེང་རབས་ཀྱི་མཁར་གྲོང་སྡོད་དམངས་སུ་གྱུར་བ་དང་། སྲོལ་རྒྱུན་གྱི་ལག་བཟོ་བ་ཞིག་ནས་གྱོན་ཆས་ཉོ་འཚོང་བྱེད་མཁན་ཞིག ལག་བཟོའི་ཚོང་གཉེར་མཁན་ཞིག་ནས་རིམ་བཞིན་དེང་རབས་ཀྱི་ཚོང་གཉེར་འདུ་ཤེས་ཡོད་པའི་ཚོང་བར་གྱུར་བ་ཞིག་རེད། སྟག་ལྷ་ཐར་ཚང་ནི་ཐོན་སྐྱེད་རྒྱུ་ཆ་ངལ་རྩོལ་བར་དབང་བ་དང་།སྒེར་གྱི་ངལ་རྩོལ་རྨང་གཞི་ཡིན་པ། ངལ་རྩོལ་འབྲས་བུ་ངལ་རྩོལ་བ་སྒེར་ལ་དབང་བ་དང་བེད་སྤྱོད་པའི་སྒེར་གཉེར་ཁྱིམ་ཚང་ཞིག་ཡིན།
མཁར་གྲོང་ཅན་དུ་འགྱུར་བའི་གོ་རིམ་ཁྲོད། 2000ལོའི་རྗེས་སུ་ཞང་ནས་གྲོང་རྡལ་དུ་བསྒྱུར་བས། སྟག་ལྷ་ཐར་གྱིས་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་དུ་ཚོ