རང་གི་ཡོད་ཚད་རང་ཉིད་སྐྱེད་སྲིང་བྱས་པའི་རྩྭ་ཐང་ལ་ཕུལ་བའི་བོད་རིགས་བུད་མེད་ཅིག
2014.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

སྟོན་རླུང་གི་རྒྱུ་བ་དང་བསྡོངས་ནས་མཐའ་ཡས་པའི་མགོ་ལོག་རྩྭ་ཐང་དེ་གསེར་མདོག་གི་ཁུ་བས་ཡོངས་སུ་བྲན། གསར་འགོད་པ་མཁོ་ཆུ་གྲོང་རྡལ་དུ་ཐོན་པའི་ཐོག་མའི་ཉིན་གཉིས་པ་ནི་ཁ་བ་ཆེན་པོ་ཐེངས་ཤིག་གི་རྗེས་སུ་ཡིན་ཞིང་། འཁྱགས་ཤུར་ཤུར་གྱི་གྲངས་རླུང་ཞིག་གིས་མིའི་རིགས་ཀྱི་ལུས་སེམས་གཉིས་ལ་ཕྱོགས་ཡོངས་ནས་འཇབ་རྒོད་བྱེད་ཀྱི་འདུག དགུན་དུས་སུ་མཁའ་དབུགས་འཁྱགས་ཤིང་དབྱང་རླུང་དཀོན་པའི་ཁོར་ཡུག་དེ་ནས་དབུགས་འཚང་པ་དང་སྣ་ཁྲག་བཞུར་བ། ཁ་སྐམ་པ་དང་མགོ་ན་བ་བཅས་ཀྱིས་གསར་འགོད་པ་རྣམས་ཀྱི་ལུས་པོའི་གནས་ཚུལ་དེ་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་འགྱུར་བཞིན་ཡོད། དེ་ལྟར་ཉིན་གཅིག་ལོ་གཅིག་དང་འདྲ་བར་བསྐྱལ་དཀའ་བའི་ཉིན་གཉིས་ཀྱི་ནང་དུ་གཉིད་དུ་ཡང་སྐྱིད་པོ་ཞིག་གཏན་ནས་ཡུར་མི་ཐུབ་པར་དུས་ཡུན་ཐུང་ངུ་ཞིག་ལ་གཉིད་རྗེས་སུ་སླར་ཡང་གཉིད་ལས་སད་པར་བྱེད་ཅིང་། གཉིད་ལས་སད་ཐེངས་རེ་ལ་ཀླད་པའི་ནང་དུ་གསལ་ལྷིང་ངེར་དྲན་འོང་བ་ནི། “ཡིད་འོང་གཤིས་བཟང་གི་སངས་རྒྱས་སྒྲོལ་མ། མུ་ཏིག་གི་མགུལ་རྒྱན་ཁྱོད་ལ་འབུལ། ཁྱོད་ལ་འབུལ་ཞེས་པའི་གླུ་ཚིག་དེ་ཁོ་ན་རེད།”

རྒྱལ་ཁབ་གློག་དྲ་དགའ་བདེ་གློག་འདོན་ཀུང་ཟི་ནི་ལྷིང་ངེར་འགྱིངས་པའི་ཨ་མྱེས་རྨ་ཆེན་གངས་རིའི་རི་རྒྱུད་འདབས་ཀྱི་མཁོ་ཆུ་ཤར་མ་