ཉམས་མེད་ཀྱི་ལང་ཚོ།
2015.01.26 ཁུངས། ཀློག་གྲངས། 25

ཁོ་ནི་དྭ་ཕྲུག་ཅིག་ཡིན་ལ། སློབ་ཞོར་དུ་སློབ་ཡོན་བཙལ་ནས་ཧུར་བརྩོན་གྱིས་སློབ་གཉེར་བྱེད་པ་དང་མཉམ་དུ། སྤྱི་ཕན་དང་བླངས་ཀྱི་ལས་ལ་བརྩོན་པས་ཞུགས་ཏེ། གཅན་ཚ་རྫོང་རྒན་བཀུར་ཁང་གི་རྒན་པ་རྣམས་ལ་ཐེངས་མང་པོར་རོགས་རམ་བྱས། ཁོར་བརྩོན་པ་ཆེ་ཞིང་སྤྱོད་ཡོན་གཉིས་ཀ་ལེགས་པ་དང་། སེམས་སུ་དྲིན་ཤེས་པ་དང་སྤྱི་ཚོགས་ལ་གསོལ་འབུལ་བྱས་པས། 2013ལོའི་རྒྱལ་ཡོངས་ཀྱི་ཧུར་བརྩོན་སློབ་གྲྭ་ཆེན་མོ་བ་མིང་གྲགས་ཅན་གྱི་མཚན་སྙན་ཐོབ།

བསོད་ནམས་རྡོ་རྗེ་ནི་མཚོ་སྔོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་གི་བཟོ་སྐྲུན་བསླབ་ཚན་གྱི་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ཞིག་ཡིན་ལ། ལོ་མཉམ་ཚོ་དང་བསྡུར་ན་བསོད་ནམས་རྡོ་རྗེའི་ལས་དབང་ནི་དེ་འདྲའི་བཟང་པོ་ཞིག་མ་རེད། ཁོ་ནི་གཅན་ཚ་རྫོང་ནང་ཁོག་ཞང་དུ་སྐྱེས་ཤིང་། སྐྱེས་ནས་དུས་ཡུན་རིང་པོ་མ་འགོར་བར་ཁོའི་དྲིན་ཅན་ཕ་ལོ་སྙིང་ནད་ཀྱི་དབང་གིས་གློ་བུར་ཚེ་ལས་འདས། ཁོ་རང་ལོ་གསུམ་གྱི་སྐབས་སུ་ཁོའི་དྲིན་ཅན་མ་ལོའང་སྟབས་མ་ལེགས་པར་རླངས་འཁོར་ཆག་སྒོ་བྱུང་ནས་རྐྱེན་ལམ་དུ་ཤོར། དེའི་རྗེས་སུ་ཁོའི་ཨ་ནེས་བསོད་ནམས་རྡོ་རྗེ་གསོ་སྐྱོང་བྱས་པ་རེད། ཨ་ནེའང་ཡུན་རིང་དུ་ལུས་པོ་ན་ཞིང་ཁྱིམ་དུ་བྱིས་པ་མང་བས་ཁྱིམ་མི་གང་བོའི་འཚོ་བ་དང་སློབ་གཉེར་གྱི་རྒྱུན་སྐ