ཚེ་བརྟན་རྒྱལ་གྱི་བདེ་སྐྱིད་ཀྱི་འཚོ་བ།
2015.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 78

«སྲིད་གཞུང་བྱ་བའི་སྙན་ཞུ»ལས་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་ཕན་འབྲས་ཆེན་པོ་བླངས་བ་བསྟན་ཡོད། རྫོང་རིམ་པའི་སྲིད་གཞུང་གིས་འགན་འཁྲི་གཙོ་བོའི་ནུས་པ་ཇེ་དྲག་ཏུ་བཏང་ནས། ངོས་འཛིན་གསལ་བོ་བྱེད་པ་དང་རོགས་སྐྱོར་ལམ་ལུགས་བཙུགས་ཏེ། རྒྱལ་ཡོངས་སུ་སྔོན་ལ་ནོར་སྲིད་ཀྱིས་དབུལ་སྐྱོར་མ་དངུལ་དང་ལས་གཞི་ཞིབ་བཤེར་མཆོག་མཆན་གྱི་དབང་ཚད་རྫོང་དུ་བྱིན་པས། དབུལ་ཕོངས་ཀྱི་མི་གྲངས་འབུམ་གཉིས་དང་སྟོང་དགུ་ཇེ་ཉུང་དུ་སོང་བ་དང་། མང་ཚོགས་འབུམ་གཉིས་དང་ཁྲི་བདུན་སྟོང་བདུན་གྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས།

དབུལ་སྐྱོར་མཁྲེགས་གཏོར་ཁྲོད་ཕན་ཁེ་ཐོབ་པའི་ཚེ་བརྟན་རྒྱལ་བཟའ་མི་ལྔ་བོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་འབའ་ཐང་བྱང་མ་རུ་བསྡད་ཡོད། དེ་ནི་ཕྱུགས་ལས་གཙོ་བོར་གཉེར་བ་དང་། ཞིང་ཕྱུགས་ཟུང་འབྲེལ་བྱེད་པའི་སྡོད་ཁུལ་ཞིག་ཡིན་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ་ཉེར་ལྔ་ཡོད་པ་དང་། བསྡོམས་པས་ཁྱིམ་ཚང་བརྒྱ་དང་མི་གྲངས་བཞི་བརྒྱ་དགུ་བཅུ་ཡོད། དེའི་ཁྲོད་ངལ་རྩོལ་པ་སུམ་བརྒྱ་ང་བརྒྱད་དང་། མ་མཐའི་འཚོ་བའི་འགན་སྲུང་ཁྲོད་ཡོད་པའི་ཁྱིམ་ཚང་བཅུ་དང་མི་གྲངས་ཞེ་ལྔ་ཡོད།

2004ལོར། ཚེ་བརྟན་རྒྱལ་བཟའ་མི་གང་བོ་སྡོ