འགྲིམ་འགྲུལ་ཉེན་རྟོག་པ་སྐལ་བཟང་ལྷ་མོའི་གནས་ཚུལ།
2015.02.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ཞོགས་པའི་ཉི་རྩེ་སར་མ་བཞག་གོང་། བུད་མེད་ཉེན་རྟོག་པ་སྐལ་བཟང་ལྷ་མོ་རང་གི་བྱ་བའི་ལས་གནས་སུ་ཐོན་ཡོད་པ་དང་། ཉིན་དེར། ཁོ་མོ་དང་ལས་གྲོགས་ཚོས་སེང་མཛེས་རྒྱ་ནག་མ་ཎིའི་ཁུལ་དུ་མུ་མཐུད་དུ་འགྲིལ་འགྲུལ་ལམ་སྟོན་དང་སྒྲིག་ལམ་དང་འགལ་ཡོད་མེད་ལ་རྟོག་དཔྱོད་བྱེད་པའི་འགན་ཁུར་བཞིན་ཡོད། སྐལ་བཟང་ལྷ་མོས་བཤད་རྒྱུར། དེ་རིང་ནི་བོད་རྩིས་ཀྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཡིན་པ་དང་། གཟའ་མཇུག་ཡང་ཡིན་པས། སྔ་མོ་ནས་མ་སོང་ན་རླངས་འཁོར་མང་པོ་ཞིག་གང་འདོད་དུ་བཞག་ནས་འགྲུལ་འགྲིམ་འགྲུལ་སྒྲིག་ལམ་ལ་གནོད་པ་བཟོ་ངེས་ཟེར།

ད་ལོའི་ཟླ་དང་པོ་ནས་བཟུང་། སྐྱེ་དགུ་དགོན་པས་ལོ་གསར་བའི་གསོལ་འདེབས་ཆོས་ཚོགས་དེ་ཉིན་ལྔའི་རིང་ལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་རྒྱ་ནག་མ་ཎི་རྡོ་སྤུངས་ཐང་ཆེན་ནས་ཚོགས། ཟླ་དང་པོའི་ཚེས་བཞི་ཉིན་ནི་སྐལ་བཟང་ལྷ་མོས་ཐེངས་འདིར་བྱ་བ་སྒྲུབ་པའི་ཉིན་བཞི་བ་ཡིན་པ་དང་། གཙོ་སྒྲུབ་ལས་ཁུངས་ཀྱིས་སྔོན་དཔག་བྱས་ན་ཉིན་དེར་ཆོས་ཚོགས་ལ་ཞུགས་པའི་མི་ཁྲི་བརྒྱད་དགུ་ལྷག་ཡོད་རྒྱུ་རེད་ཟེར།

སྐལ་བཟང་ལྷ་མོས་ཉིན་དེར་ལྷམ་མཐིལ་མཐུག་པོ་ཅན་ཞིག་དང་། སྐུད་པས་འཐག་པའི་ལག་འབོབ་དང་། འགྲིམ་འགྲུལ་ཉེན་རྟོག་པའི་ལྭ་བ་གྱོན་ཡོད་ལ། ཁོ་མོའི་དམར་མདངས་ལྡན་པའི་གདོང་ན་ཁམས་པའི་