སོག་པའི་བུ་རྒོད་ལྷ་མོ་བཀྲ་ཤིས་དང་ཁོས་བཏོད་པའི་བདེ་སྐྱིད་ཀྱི་བགྲོད་ལམ།
2015.03.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 46

དཔྱིད་མགོའི་ཉི་གཞོན་གྱིས་ཧར་སྦྱིན་རི་བོའི་མཛེས་ལྗོངས་ཀྱི་མདངས་ལ་འཁྲུལ་ཞིང་། དྲོད་འཇམ་གྱི་བསིལ་རླུང་ཐ་ལེའུ་ཐན་གྱི་གསེར་མདོག་གི་ཕྱུགས་རར་དལ་བུར་ལྡང་། གྲོང་གསེབ་གྱི་རྐང་ལམ་ཕྲ་མོ་ན། ལོ་ན་ལྔ་བཅུ་ང་བཞི་ལ་སོན་པའི་སོག་རིགས་སྟག་ཤར་ལྷ་མོ་བཀྲ་ཤིས་ཀྱི་གཟབ་ནན་གྱི་གདོང་གི་རྣམ་འགྱུར་དང་ཕ་ཡུལ་ལ་འཁྲེང་བའི་མིག་མདངས་མངོན་ཡོད། སྤྱི་དོན་གྱི་ཆེད་དུ་རྐང་བ་གྱོལ་པོའི་གཟུགས་བརྙན་དང་མཉམ་དུ་ས་འདིའི་རི་བོ་དང་རི་གཤོང་ལ་འཐམས་ཡོད་པར་མ་ཟད། མི་རྣམས་ཀྱི་སེམས་སུ་རྣམ་པར་བཞག་ཡོད།

ལྷ་མོ་བཀྲ་ཤིས་ཚང་ནི་སོག་པོ་དང་། ཧུའེ་རིགས། རྒྱ་རིགས། བོད་རིགས་བཅས་མི་རིགས་བཞི་ལས་གྲུབ་པའི་ཁྱིམ་རྒྱུད་ཆེན་མོ་ཞིག་རེད།  ཁོའི་ཆུང་མ་ནི་ཧུའེ་རིགས་དང་མནའ་མ་རྒྱ་རིགས། མག་པ་བོད་རིགས་ཡིན་ཞིང་།དེ་འདྲའི་མཐུན་སྒྲིལ་ཅན་གྱི་ཁྱིམ་རྒྱུད་ཆེན་པོ་ཞིག་གྲུབ་པ་དང་ཆབས་ཅིག་ལྷ་མོ་བཀྲ་ཤིས་ཀྱིས་སྡེ་མི་ཡོངས་ཀྱི་སྣེ་ཁྲིད་དེ་ཕྱུགས་འགྱུར་གྱི་ལམ་དུ་ཞུགས།  གལ་ཏེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཧར་སྦྱིན་སོག་རིགས་ཞང་ཧར་སྦྱིན་སྡེ་བ་ནི་མདོ་དབུས་མཐོ་སྒང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དར་ཆ་ཞིག་རེད་ཟེར