མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཧོང་ཆུང་སྡེ་བ་དང་ཆུ་འགག་སྡེ་བའི་མཉམ་འབྲེལ་ཏང་གི་སྤྱིའི་ཀྲི་པུའུ་ཧྲུའུ་ཅིའི་ཚེ་ཐར་འབུམ་གྱི་གནས་ཚུལ།
2015.03.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

བློ་མཐུན་ཚེ་ཐར་འབུམ་གྱིས་སྡེ་མི་ནི་ངའི་གཉེན་ཉེ་དང་མཚུངས་ལ། སྡེ་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་ནི་ངའི་འགན་ཁུར་ཡིན་ཟེར། ཚེ་ཐར་འབུམ་གྱིས་ལོ་བཅོ་བརྒྱད་ཀྱི་སྟེང་ནས་བཟུང་ཞིན་ཧེ་རྫོང་རྩི་ཀོར་ཐང་གྲོང་རྡལ་ཧོང་ཆུང་སྡེ་བའི་སྡེ་མི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གྱི་འགན་ཁུར་བ་དང་། ད་ལྟ་ཧོང་ཆུང་སྡེ་བ་དང་ཆུ་འགག་སྡེ་བའི་མཉམ་འབྲེལ་ཏང་གི་སྤྱིའི་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ལ། ལོ་ངོ་སོ་བཞིའི་རིང་། སྡེ་བའི་ལས་བྱེད་པ་ཚེ་ཐར་འབུམ་ལ་མཚོན་ན་སྡེ་བའི་མང་ཚོགས་རྣམས་ཀྱི་བྱ་བར་འབད་པ་ཆེན་པོ་བྱས་ཏེ། ཁོ་རང་གི་ལང་ཚོའི་གཟི་དཔལ་དེ་རང་གི་ཕ་ས་ཕ་ཡུལ་ལ་ཕུལ་ཡོད།

གསར་འགོད་པས་ན་ནིང་སྟོན་ཀར་ཧོང་ཆུང་སྡེ་བར་བཅར་འདྲི་བྱེད་སྐབས་མཐོང་བ་ལྟར་ན། སྡེ་བ་འདི་ནི་རྒྱལ་ལམ214བཞིའི་འགྲམ་དུ་ཡོད་པ་དང་། གཞུང་ལམ་གྱི་འགྲམ་གཉིས་སུ་ཚོང་ཁང་ཆུང་ཆུང་དང་། ཟ་ཁང་། རླངས་འཁོར་འཁྲུད་ས། ཁྱིམ་ཚང་གི་མགྲོན་ཁང་སོགས་མང་པོ་ཡོད་ལ། དེས་གནས་སྐོར་བ་མང་པོར་འདུག་གནས་ཡོད་པར་བྱས་པར་མ་ཟད། ད་དུང་ཚོང་ཤིན་ཏུ་བྲིན་པ་ཞིག་རེད། ཚོང་ལས་གཉེར་ས་དེ་དག་ནི་གཙོ་བོ་ཧོང་ཆུང་སྡེ་བའི་མང་ཚོགས་ཀྱིས་སྒྲུབ་པ་རེད། ཧོང་ཆུང་སྡེ་བའི་ལྔ་སྐྱོང་སྡེ་མི་ཚེ་དབང་ནི་སྔོན་ཆད་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞིག