བུ་མོ་བཟང་པོ་དགའ་སྐྱིད།
2015.03.30 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

 མཛེས་སྡུག་ལྡན་པའི་འབྲི་ཆུའི་འབྱུང་ཡུལ་གདང་ལ་རི་བོའི་འདབས་སུ་མི་སེམས་འགུལ་བའི་གཏམ་རྒྱུད་སྙན་མོ་ཞིག་ཁྱབ་ཡོད་པ་སྟེ། དེ་ནི་བོད་རིགས་བུད་མེད་ཅིག་གིས་སྔ་གཞུག་ཏུ་གཉེན་ཉེའི་འབྲེལ་བ་མེད་པའི་མི་ཧྲེང་རྒན་འཁོགས་གཉིས་བསྙོར་བར་གླ་ཆ་སྐར་མ་གང་ཡང་མ་བླངས་པ་དེ་ཡིན། གཏམ་རྒྱུད་འདི་ཕལ་ཆེར་གདང་ལ་རི་བོ་གྲོང་རྡལ་གྱི་འབྲོག་པ་ཚང་མས་ཤེས་ལ། ཁོ་ཚོས་མཛེས་མ་བདག་མོ་འདིའི་གཤིས་བཟང་དང་གཅེས་སེམས་ལ་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད། 

ཉེ་ལམ། གསར་འགོད་པ་གདང་ལ་རི་བོ་གྲོང་རྡལ་གྱི་འབྲི་ཆུའི་མགོ་ཁུངས་སྡེ་བར་སོང་སྟེ། བཀུར་འོས་པའི་བོད་རིགས་བུད་མེད་དགའ་སྐྱིད་བཙལ། ནང་དུ་འཛུལ་མ་ཐག་དྲོད་ལམ་ལམ་གྱི་ལྕགས་ཐབ་འགྲམ་དུ། ལུས་ལ་སྲིང་བལ་གྱོན་གོས་དང་རྐང་བར་སྲིང་བལ་གྱི་འདྲུད་ལྷམ་མཐུག་པོ་ཞིག་གྱོན་ཡོད་པའི་རྒན་མོ་ཞིག་འབོལ་ཁྲིའི་སྟེང་དུ་ཙོག་ཡོད་པ་མཐོང་བ་དང་། ཁོ་མོ་ནི་ལོ་ན་གོ་བདུན་ལ་སོན་པའི་རྒན་མོ་ཆོས་དབྱིངས་རེད། 

རྒན་མོ་ཆོས་དབྱིངས་ལ་བུ་བུ་མོ་གཅིག་ཀྱང་མེད་པས་གདང་ལ་རི་བོ་གྲོང་རྡལ་གྱི་རྒན་གསོ་ཁང་དུ་འཚོ་བ་རོལ་བཞིན་ཡོད། ལོ་ལྔ་ཡི་སྔོན་དུ་སྟབས་མ་ལེགས་པར་རྒན་མོ་ཆོས་དབྱིངས་ཐང་ལ་འགྱེལ་ཏེ་ཡར་ལངས་མི་ཐུབ་པར་གྱུར། ཉིན་ཞིག་དགའ་སྐྱ