འཚོ་བ་ལས་ད་གཟོད་རང་ཉིད་སྐྱོབ་ཐུབ།
2015.03.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

1.jpg

གློག་བརྙན་འཁྲབ་ཁྲིད་པ། བརྙན་ལེན་པ་ཟོན་ཐར་རྒྱལ་ལགས།


ཟོན་ཐར་རྒྱལ་ལ་མཚོན་ན་གློག་བརྙན་ནི་སྤྱོད་པའི་སྒྱུ་རྩལ་ཞིག་ཡིན་ཏེ། ཁོའི་གློག་བརྙན་བརྩམས་ཆོས་ཐོག་མ«དབུས་ལམ་གྱི་ཉི་མར»ཐོག་མའི་སྟ་གོན་ནས་མཇུག་མཐའི་འགྲེམ་སྤེལ་བར་ཧ་ལམ་ལོ་ངོ་གསུམ་གྱི་དུས་ཡུན་སོང་ཞིང་། དེའི་རིང་ལ་ཁོས་གོ་ཐོས་ཙམ་གྱི་གཏམ་རྒྱུད་ཅིག་སྒྱུ་རྩལ་བརྩམས་ཆོས་ཀྱི་མཐོ་ཚད་དུ་བཏེགས་ནས། རང་ཉིད་ཀྱིས་གསར་བཞེངས་བྱས་པའི་མི་སྣར་ནང་སེམས་ཀྱི་ཐར་བ་ཐོབ་པར་བྱས་ཤིང་། ལྟ་མཁན་དག་གི་སེམས་ཀྱི་ཕྱི་ནང་ཡོངས་ལ་སྨྲ་བསམ་བརྗོད་འདས་ཀྱི་གཡོ་འགུལ་ཐེངས་ཤིག་བྱིན། དེ་བཞིན་ཁོ་རང་གི་མི་ཚེའི་སྒྱུ་རྩལ་གྱི་ལམ་བུ་ཡང་དཀྱོག་མཚམས་གསར་བ་ཞིག་ལ་བསྙེགས་པ་རེད།

གློག་བརྙན་ཕབ་སྐྲུན་བྱེད་པ་ནི་གཏམ་རྒྱུད་ཅིག་བཤད་འདོད་པ་དེ་ཡིན་ཏེ།
གསར་བུ་སྤུན་གཉིས་མཉམ་དུ་ལྷ་སར་ཕྱ