མི་ཚེ་འོད་དུ་བསྒྲོན་པའི་ཉམས་མེད་ཀྱི་མར་མེ་ཚེ་འབར།
2015.03.31 ཁུངས། རྨ་ལྷོའི་ཚགས་པར། ཀློག་གྲངས། 77

གལ་ཏེ་མི་ཚེ་ནི་ཐེངས་གཅིག་ལ་མ་གཏོགས་ཐོབ་མི་ཐུབ་པའི་རིན་བྲལ་གྱི་ནོར་བུ་ཞིག་ཡིན་པར་བྱས་ན། རྒན་བླ་མ་སྐྱབས་ལགས་ཀྱིས་ཁེ་གྲགས་དང་གོ་ཐོབ་བསྙེགས་ནས་རང་སྐྱིད་གཞན་སྨོན་གྱི་བདེ་བ་དོན་དུ་གཉེར་མེད་ཅིང་། གལ་ཏེ་མི་ལུས་ནི་བསྐལ་བ་སྟོང་དུ་བསགས་པའི་དགེ་རྩ་ལ་བརྟེན་པའི་ངལ་གསོ་ཡི་སྐས་སྟེགས་ཤིག་ཡིན་པར་བྱས་ན། ཁོ་རང་ཐར་རང་བཙན་དང་རང་རྒྱལ་རང་བདེ་ཡི་སྐྱིད་ལམ་དུ་ཡང་ཞུགས་མེད་པར། མི་ཚེ་འོད་དུ་བསྒྲོན་ནས་གཞི་རིམ་རོང་འབྲོག་ས་ཆའི་གཞོན་སྐྱེས་སློབ་བུ་རྣམས་ཀྱི་དོན་དུ་ཡོད་ཚད་བློས་བཏང་ཡོད། འགྱུར་ལྡོག་སྐྱེན་པའི་སྤྱི་ཚོགས་ཀྱི་གོམ་འགྲོས་ཀློང་ན་གཞན་ཕན་དོན་གཉེར་གྱི་དམ་བཅའ་ཐོད་ལ་བཅངས་པའི་རླབས་ཆེན་གྱི་སྐྱེས་ཆེན་དམ་པ་ཞིག་ང་ཚོས་དུས་རྒྱུན་དྲན་འོངས་བཞིན་ཡོད་དེ། ཁོང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའམ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཆེན་མོ་བླ་མ་སྐྱབས་ལགས་རེད།

རྒན་བླ་མ་སྐྱབས་ལགས་ནི་སྤྱི་ལོ1960ལོར་གཅན་ཚ་རྫོང་གཅན་ཚ་ཐང་སྤྲེལ་ནག་སྡེ་བར་སྐྱེས་ཏེ། རེས་བསྐྱོད་རེས་སྡོད་ཀྱི་སློབ་གཉེར་ཁྲོད་རིམ་བཞིན་སློབ་ཆུང་ནས་མཐར་ཕྱིན་ལ། 1977ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡོངས་ནས་རྒྱུགས་འབྲས་ཨང་ད