ཁྱོད་ཀྱི་འཚོ་བ་བདག་ལས་སྐྱིད་པར་སྨོན།
2015.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ལོ་སོ་ལྔར་ཐོན་པའི་ཚེ་རིང་ཉི་མ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་སྤྱི་བདེ་ཅུའི་ཡི་ཉེན་རྟོག་པ་ཞིག་ཡིན། ཉེན་རྟོག་པའི་བྱ་བར་ཞུགས་པའི་ལོ་ངོ་བཅུའི་རིང་ལ། ཁོས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་རྩ་དོན་ཡིད་ལ་དམ་པོར་བཟུང་སྟེ། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ལེ་ཧྥེང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། ཧུར་བརྩོན་གྱིས་གྲོན་ཆུང་དང་དབུལ་བོར་རོགས་སྐྱོར་བྱེད་པ། རང་ཉིད་ཀྱི་ལག་ལེན་ཁྲོད་ནས་ལེ་ཧྥེང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་རྒྱུན་འཛིན་བྱས།

ཚེ་རིང་ཉི་མའི་ཁྱིམ་ཚང་གི་ཆ་རྐྱེན་ཅུང་ཞན་པ་དང་། ཨ་མའི་ལུས་སྟོབས་ཞན་པ་དང་ནད་མང་བས། སྨན་རྫས་ལ་བརྟེན་ནས་ན་ཟུག་སེལ་ཐབས་བྱེད་ཀྱིན་ཡོད། 2009ལོར་ཁོའི་ཨ་ཕ་ཚེ་ལས་འདས་པའི་རྗེས་སུ། སྨན་རིན་དང་ཁྱིམ་ཚང་གི་འགྲོ་གྲོན་ཡོད་ཚད་ཁོའི་ཕྲག་སྟེང་བབས་ཡོད། ཚེ་རིང་ཉི་མས་ཆུང་དུས་ནས་དཀའ་སྤྱད་བབ་ཆགས་ཀྱི་གོམས་གཤིས་ཡག་པོ་སྐྱེད་བསྲིང་བྱས་ཡོད་པས། ཟས་གོས་ཐད་ནས་ཀྱང་སློབ་གྲོགས་གཞན་དང་འགྲན་བསྡུར་མི་བྱེད། ཨ་ཕས་སྒོར་མོ་བཙལ་བ་ལས་སླ་མོ་མིན་པ་ཁོས་ཤེས་ཡོད། སྐབས་འགར་ཨ་ཕས་ཁོ་ལ་ལྭ་གསར་བ་ཉོ་ཞེས་བཤད་སྐབས། ཁོས་ནམ་ཡང་གདོང་ལ་འཛུམ་ལངས་ནས་བཤད་རྒྱུར། ང་རང་ལྭ་བ་འདི་དག་