ཕྱུག་བསྒྱུར་ལ་མཁས་པའི་བུད་མེད།
2015.04.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

 ཉེ་ལམ། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དུ་བཅར་འདྲི་བྱེད་སྐབས། དར་ལག་རྫོང་གི་ག་ས་གང་དུ་འཆམ་མཐུན་སྤྲོ་སྐྱིད་ཀྱི་ཉམས་སྣང་གིས་ཁེངས་ཤིང་མང་ཚོགས་ཀྱི་གདོང་ལ་དགའ་བའི་འཛུམ་གྱིས་བརྟས་ཡོད།

རྒྱུད་སྨད་གྲོང་རྡལ་དུ་ཐུགས་འཚོ་ཞེས་པའི་མིང་གླེང་བ་ན། མོ་རང་ངོ་ཤེས་པའི་རིགས་སོ་སོའི་ལས་བྱེད་པ་དང་། མང་ཚོགས་ཚང་མའི་ཁྲོད་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད། 

ད་ལྟ་ལོ་སོ་གཅིག་ལ་བུད་པའི་བོད་རིགས་བུ་མོ་ཐུགས་འཚོ་ནི་དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་དབུལ་སྐྱོར་མཉམ་ལས་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་ཡིན། ཐུགས་འཚོ་ལ་བུད་མེད་གཞན་དང་མི་འདྲ་ས་ཞིག་ཡོད་པ་ནི་བཤད་ཕོད་པ་དང་སྒྲུབ་ཕོད་པ། བློ་རིག་རྣོ་ཞིང་ལས་ལ་བརྩོན་པ་ཞིག་ཡིན། ཁོ་མོས་ཚན་རྩལ་ལ་བརྟེན་ནས་ཁྱད་ལྡན་དཔལ་འབྱོར་གོང་དུ་སྤེལ་བས། ཁོ་མོའི་ཁྱིམ་ཚང་དང་དབུལ་སྐྱོར་མཉམ་ལས་ཁང་གི་མི་རྣམས་ཕྱུག་བསྒྱུར་གྱི་ལམ་དུ་འཁྲིད་པ་རེད། 

ཐུགས་འཚོ་དམའ་འབྲིང་མ་