མང་ཚོགས་ཀྱི་སེམས་ནང་གི་སྡེ་དཔོན་བཟང་པོ་ཡེ་ཤེས་རྡོ་རྗེ།
2015.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཉེ་ལམ་གསར་འགོད་པ་རླངས་འཁོར་ལ་བསྡད་དེ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་ནས་ལྷོ་ནུབ་ཀྱི་ཕྱོགས་སུ་སྤྱི་ལེ་བཅུ་ལྷག་གི་མཚམས་སུ་སོང་བ་ན། ཁོད་ཡངས་པའི་རི་མགོའི་ཐང་ལེབ་ཅིག་ཏུ་ཐོན་བྱུང་ལ་དེ་ནི་རྐ་ཁུག་ཐང་རེད།

མུ་མཐུད་དུ་སྤྱི་ལེ་འགར་སོང་བ་ན། ཁོད་ཡངས་པའི་གཞུང་ལམ་དང་སོ་ཕག་གི་ཁང་བ་མོད་པའི་བད་ཁོ་སྡེ་བར་ཐོན་བྱུང་།

བད་ཁོ་སྡེ་བའི་སྔོན་ཆད་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅུ་སྟག་ཚེ་རྒྱལ་གྱིས་ད་ལྟའི་སྡེ་བའི་ཧྲུའུ་ཅུ་ཡེ་ཤེས་རྡོ་རྗེ་ནི་བྱ་བར་ནན་ཏན་ཡིན་པ་དང་། ནུས་པ་ཡོད་པ། མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་མི་ཞིག་ཡིན་པས། སྡེ་བའི་མང་ཚོགས་ཚང་མས་ཀྱང་ཁོ་རང་རྩྭ་ཐང་གི་མང་ཚོགས་ཀྱི་སྣེ་ཁྲིད་པ་ཡིན་ཟེར་བཞིན་ཡོད།

ད་ལྟ་ལོ་ང་གཉིས་ལ་བུད་ཡོད་པའི་སྡེ་དཔོན་ཡེ་ཤེས་རྡོ་རྗེ་ཡིས་རང་གི་བྱ་བའི་ཐད་ལ་བཅར་འདྲི་བྱེད་རྒྱུ་ཡིན་པ་ཤེས་པས། ཁེངས་སྐྱུང་གིས་ངའི་བྱ་བ་འདི་ཙམ་ཞིག་བརྒྱུད་སྒྲོག་བྱེད་རིན་ཅི་ཡང་མེད་ཟེར། ཉིན་དེར་ཁོས་ཏག་ཏག་སྡེ་བའི་ཀྲུའུ་རིན་དང་མཉམ་དུ་ལས་བྱེད་མི་སྣ་འགའ་ཁྲིད་དེ་སྡེ་བ་ཡོངས་ཀྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ནང་བཞག་པའི་དབུལ་ཕོངས་ཁྱིམ་ཚང་གི་དོན་དངོས་གནས་ཚུལ་ལ་ཡང་བསྐྱར་བརྟག་དཔྱད་བྱེད་ཀྱིན་འདུག

ངོ་གདོང་ན