རྩྭ་ཐང་ནས་འཛམ་གླིང་དུ་བསྐྱོད་པའི་ཆོས་སྐྱིད་སྒྲོལ་མ།
2015.04.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

ཟླ་བཞི་བའི་ཉིན་ཞིག་གི་ཞོགས་པར་ཟི་ལིང་གྲོང་ཁྱེར་མདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་རྡར་ལྟེ་གནས་ཀྱི་རྒྱུག་ལམ་སྟེང་དུ་བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་སྦྱོང་བརྡར་བྱེད་བཞིན་འདུག  2015ལོའི་ཟླ་ལྔ་པར་ཁ་ཐར་གྱིས་གླིང་ཆེན་ཨ་ཤེ་ཡའི་ན་གཞོན་གྱི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་འགྲན་སྡུར་སྤེལ་རྒྱུ་ཡིན་པས། ཆོས་སྐྱིད་སྒྲོལ་མས་དེར་འབད་བརྩོན་ལྷོད་མེད་ཀྱིས་གྲ་སྒྲིག་བྱེད་བཞིན་ཡོད། 

ཆོས་སྐྱིད་སྒྲོལ་མ་ནི་ལོ་བཅུ་བདུན་ཡིན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་འབྲོག་པའི་ཁྱིམ་ཚང་དུ་ཞིག་ཏུ་སྐྱེས། 2012ལོའི་ཟླ་དགུ་བར་ཞིང་ཆེན་ལུས་རྩལ་སློབ་གྲྭའི་འགྲོ་རྩལ་རུ་ཁག་ཏུ་ཞུགས།

ལུས་ལ་རྩལ་གོས་གྱོན་པ་དང་མགོར་ཉི་ཞྭ་གོན་པའི་ཁོ་མོའི་གདོང་ལ་བྱིས་པའི་ཉམས་ཀྱིས་ཁེངས་འདུག་ལ། ཉིན་རྒྱུན་དུ་སྦྱོང་རྡར་བྱེད་དགོས་པས་ལྷམ་བརྟན་པ་མེད་པས་ཟླ་ངོ་གཉིས་གསུམ་གྱི་ནང་དུ་ལྷམ་གསར་བར་བརྗེ་དགོས། ཆོས་སྐྱིད་སྒྲོལ་མ་དགོད་ཞོར་དུ། གོན་པའི་ལྷམ་རླངས་འཁོར་གང་ཡོད་ཟེར། 

བརྩོན་པ་དང་ཨུ་ཚུགས་ལ་བརྟེན་ནས་ཆོས་སྐྱིད་སྒྲོལ་མས་གྲུབ་འབྲས་བཟང་བོ་གཅིག་འཕྲོར་གཅིག་མཐུད་ནས་བླངས་ཡོད་དེ། 2014ལོའི་ཟླ་བརྒྱད་པར། ལིས་ཉིན་བུ