ཚེ་རིང་ཕུན་ཚོགས། དྲི་བཟང་སྨན་སྤོས་ཀྱི་འཁྲུལ་མེད་རྒྱུན་འཛིན་པ།
2015.04.21 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 49

ཉེ་བའི་ལོ་འདི་གར། རྒྱལ་ཁབ་ཀྱིས་གཟུགས་འདས་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ལ་དོ་སྣང་ཆེན་པོ་བྱས་པ་དང་། དམངས་ཁྲོད་ནས་ཀྱང་བོད་སྤོས་ལག་ཤེས་རྒྱུད་འཛིན་གཙོར་བཟུང་བས། མི་མང་པོས་ལག་རྩལ་འདིར་སློབ་སྦྱོང་བྱེད་པའི་མགོ་བརྩམས། ད་སྔ་བོད་ལྗོངས་སུ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་རྒྱུད་སྤེལ་བྱས་པའི་འབྲི་གུང་སྨན་སྤོས་བཟོ་བའི་ལག་ཤེས་ཅན་མི་བདུན་ཡོད།

བོད་སྤོས་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལས་ཐོན་པའི་ཟོང་དངོས་ཞིག་ཡིན་པ་དང་། དེ་ཡང་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་མཚོན་བྱེད་ཉག་གཅིག་སྟེ། སྔོན་མར་མལ་དྲོ་གོང་དཀར་རྫོང་རྨམ་པ་ཞང་འབྲི་གུང་མཐིལ་དགོན་པའི་སྨན་སྤོས་ནི་སྲོལ་རྒྱུན་བོད་སྨན་གྱི་སྦྱོར་སྡེ་ཡི་ཉིང་བཅུད་དང་། ལས་བཟོ་གྲ་དག་པའི་གོ་རིམ་བརྒྱུད། དམིགས་བསལ་ཁྱད་ཆོས་ཀྱི་ཕྱུག་པ་ཞིག་ཡིན་པ་དང་། དེའི་ནང་དུ་སྲོག་ཆགས་ཀྱི་སྨན་རྫས་རྒྱུ་ཆ་རྐང་གཅིག་ཀྱང་ཡོད་པ་མ་རེད། 2008ལོའི་ཟླ6པར། འབྲི་གུང་བོད་སྤོས་ལག་རྩལ་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་དངོས་ཀྱི་མིང་ཐོར་བཀོད་པ་དང་། དེ་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་གཟུགས་འདས་ཤུལ་བཞག་རིག་དངོས་ཀྱི་རྣམ་གྲངས་ཅིག་ཏུ་གྱུར།

ཚེ་རིང་ཕུན་ཚོགས་ལགས་ནི། རྒྱལ་ཁབ་གཟུགས་འདས་ཤུལ་བཞག་རིག་དངོ