བློ་བཟང་སྦྱིན་པ། དངུལ་རི་རྩྭ་ཐང་གི་སྨན་པ་བཟང་པོ།
2015.04.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 42

ཡངས་ཤིང་མུ་མཐའ་བྲལ་བའི་དངུལ་རི་རྩྭ་ཐང་ལ་རང་བྱུང་ལྷུན་གྱིས་གྲུབ་པའི་མཛེས་སྡུག་མངའ་ཡང་། མི་རྣམས་ལ་སྐྱོ་ལྷང་ལྷང་གི་ཁོར་ཡུག་ཅིག་ཀྱང་བསྐྲུན་ཡོད། གནས་འདི་ནས་གྲོ་ལ་ལོ་ལེགས་འབྱུང་མི་ཐུབ་ལ། ནས་ཀྱང་སྨིན་ལེགས་འབྱུང་དཀའ་ཞིང་། ལོག་དཀར་ལའང་མེ་ཏོག་བཞད་པའི་གོ་སྐབས་ཤིན་ཏུ་དབེན། ཡིན་ནའང་། བབ་ཆགས་ཤིང་བྱམས་སྙིང་རྗེ་དང་ལྡན་པའི་གྲྭ་བ་སྨན་པ་ཞིག་གིས་མཐའ་འཁོབ་ཀྱི་ཡུལ་འདི་དང་། རྗེས་ལུས་ཀྱི་རྩྭ་ཐང་འདི་ནས་ཁ་རོག་གེར་ལོ་ངོ་བཅུ་བཞིའི་རིང་ལ་མང་ཚོགས་ཀྱི་ནད་ལ་ལྟོས། ལོ་ངོ་བཅུ་བཞིའི་རིང་ལ། ཁོའི་སྨན་བཅོས་ལག་རྩལ་དང་ཁྱད་དུ་འཕགས་པའི་བྱ་སྤྱོད་ཀྱིས་གནས་འདིའི་འབྲོག་པ་མང་ཚོགས་སྟོང་གཅིག་ལྷག་གི་བདེ་ཐང་སྲུང་བས། དངུལ་རི་སྡེ་བ་དང་སྡེ་བ་དེའི་མཐའ་འཁོར་གྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་ཁོ་ལ་བརྩི་བཀུར་བྱེད།
ཁོ་ནི་སྐབས་དང་པོའི་མདའ་གཞིའི་ཆེས་མཛེས་པའི་མི་སྟེ། བློ་བཟང་སྦྱིན་པ་ལགས་རེད།

ང་ཚོ་སྡེ་བའི་སྨན་པ་བཟང་བོ་ཁོ་ནི་ང་ཚོའི་བདེ་ཐང་སྲུང་མཁན་ཡིན།

བློ་བཟང་སྦྱིན་པ་ལོ་བཅོ་ལྔའི་སྟེང་ནས་བཟུང་བོད་སྨན་ལ་ཐོགས་པ་མེད་པའི་རང་གི་རྩ་བའི་བླ་མའི་རྗེས་འབྲངས་ནས་བོད་སྨན་ལ་སློབ་སྦྱོང་དང་རྒྱ་ཡིག་སྦྱངས་མགོ་བརྩམས་པ་དང་། ཁོའི་ལྷན་སྐྱེས་ཀྱི