ལོ་རབས་བརྒྱད་ཅུ་བར་སྐྱེས་པའི་བོད་རིགས་སྨན་པ་ཞིག་གི་ཡིད་འགུལ་བའི་གཏམ་རྒྱུད།
2015.05.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 36

ལོ་རབས་བརྒྱད་ཅུ་བར་སྐྱེས་པའི་ཁོ་རང་ལ་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་གཉེར་བརྒྱུད་རིམ་ཡོད། སློབ་སྦྱོང་བྱ་རྒྱུར་ཧ་ཅང་དགའ་ཞིང་སྲོལ་རྒྱུན་གསོ་རིག་ལ་དེ་བས་ཀྱང་དགའ་བས། དཔེ་དེབ་སྟོང་ལ་ཉེ་བ་ཞིག་བཀླགས་མྱོང་ཞིང་། ཉེ་རིང་ཀུན་ཏུ་གྲགས་པའི“བདེ་ཐང་གི་སོ་སྲུང་བ”ཞིག་ཡིན།

ལོ་རབས་བརྒྱད་ཅུ་བར་སྐྱེས་པའི་བསོད་ནམས་ཀུན་མཁྱེན་གྱིས་འབད་བརྩོན་ལྷོད་མེད་སྒོས་ལོ་ངོ་བཅོ་བརྒྱད་རིང་གི་དུས་ཡིན་ནང་ཟོ་སྐྱ་ཞང་གི་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་བཞི་བརྒྱ་ཡི་རི་ལུང་ཀུན་ཏུ་སོང་ནས། འབྲོག་པ་སྟོང་ལྔ་ལྷག་གི་ནད་སྡུག་བསྔལ་བསལ་བའི་ཁུར་བོ་ཕྲག་ཏུ་བླངས།

ཁོ་རང་ནི་འབྲི་སྟོད་རྫོང་ཟོ་སྐྱ་ཞང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་བསོད་ནམས་ཀུན་མཁྱེན་རེད།
དཔྱིད་ཀའི་ཟླ་གསུམ་པར། གཙང་བོའི་འབྱུང་ཡུལ་གྱི་ག་ས་གང་དུ་ད་རུང་གྲང་རླུང་འུར་འུར་དུ་ལྡིང་བཞིན་ཡོད། གསར་འགོད་པ“ལེ་དབར་ཁྲི་ལྡན་གྱི་འབྲི་ཆུའི་རྫོང་དང་པོའི”མཚན་སྙན་ལྡན་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དུ་སོང་བ་དང་། འབྲི་སྟོད་རྫོང་མཁར་ནས་བྱེ་ལམ་ཕྲ་མོ་ཞིག་བརྒྱུད་དེ་ནུབ་ཕྱོགས་སུ་སྤྱི་ལེ་ཉིས་བརྒྱ་ལྷག་སོང་བ་ན། ཐེངས་དེའི་བཅར་འདྲི་བྱ་ཡུལ་ཟོ་སྐྱ་ཞང་དུ་