འབྲོག་པ་མང་ཚོགས་སེམས་ཁོངས་ཀྱི་སྨན་པ་བཟང་བོ།
2015.06.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

གཟུགས་གཞི་མཐོ་ལ་ངོ་གདོང་ནག་པ་དང་། སྐྲ་འདབ་ཀྱང་ཅུང་དཀར་པོར་གྱུར་འདུག དེ་ནི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཆུ་ཁོལ་ཞང་གི་སྨན་པ་གནམ་ལྷ་རྒྱལ་གྱིས་གསར་འགོད་པར་བཞག་པའི་བག་ཆགས་རེད། ཉེ་ལམ། གནམ་ལྷ་རྒྱལ་མཐོང་སྐབས་ཁོས་ནད་པའི་ནད་ལ་བལྟ་བཞིན་ཡོད། དེ་ནས། གསར་འགོད་པ་སྨན་བཅོས་ཀྱི་ལག་རྩལ་བཟང་བ་དང་མཚན་སྙན་མཐོ་བའི་རྩྭ་ཐང་གི་སྨན་པ་དེ་དང་མཉམ་དུ་ནད་པ་ཞིག་གི་ཁྱིམ་དུ་ཐོན།

“སྨན་པ། ཁྱོད་བདེ་མོ།”སྒོ་རྡུང་མཁན་གནམ་ལྷ་རྒྱལ་ཡིན་པ་མཐོང་བས། བདག་མོ་གཡང་རེ་ཡིས་དགའ་སྤྲོའི་ངང་སྣེ་ལེན་བྱས། ཁྱིམ་དུ་ཐོན་རྗེས། གནམ་ལྷ་རྒྱལ་དང་མཉམ་དུ་ནད་པའི་མལ་ཁྲིའི་མདུན་དུ་སོང་བ་ཡིན། གནམ་ལྷ་རྒྱལ་གྱིས་ཁུག་མའི་ནང་གི་ནད་གཞི་ཉན་ཆས་བླངས་ནས་ནད་པའི་སྙིང་དང་བློ་ལ་བརྟག་པ་དང་། སྐད་དམའ་མོས་འདྲི་ཚིག་འགའ་དྲིས་རྗེས། ཁུག་མའི་ནང་གི་སྨན་བླངས་ནས་ནད་པར་སྨན་བྱིན། སྨན་བཀོལ་སྤྱོད་བྱེད་སྐབས་ཀྱི་མཉམ་འཇོག་དགོས་ས་དག་བཤད་རྗེས། གནམ་ལྷ་རྒྱལ་གྱིས་གསར་འགོད་པར་ཁོ་དང་ནད་པ་དེའི་གཏམ་རྒྱུད་བརྗོད་བྱུང་།

ནད་པའི་མིང་ལ་ཚེ་བྷ་ཟེར་ཞིང་ད་ལོ་ལོ་དོན་བཞི་རེད། སྒལ་ཚིགས་ཕྱིར་འབུར་བའི་ནད་ལྕི་མོ་ཕོག་ཡོད། གཡང་རེ་ཡིས་བཤད་རྒྱུར། སྒྱུག་མོར་ནད་ལ་སྟོན་ཆེད་ངེད