རྨ་ཁུགས་རྩྭ་ཐང་གི་ཕྱུག་བསྒྱུར་སྣེ་ཁྲིད་པ།
2015.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ནི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་བཙུགས་གྲུབ་མི་སྣ་ཡིན་ལ། མི་དམངས་ཀྱི་མགྲིན་ཚབ་པ་ཡིན། འདི་ནི་ཆབ་སྲིད་ཀྱི་ཐོབ་ཐང་ཞིག་དང་བྱ་བའི་འགན་འཁྲི་ཞིག་ཡིན་པ་མ་ཟད།  དེ་བས་ཀྱང་བཅའ་ཁྲིམས་ཀྱི་འགན་འཁྲི་ཞིག་ཡིན་ཞེས་བསོད་རྡོ་ཡིས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་འགན་འཁྲིར་བཟུང་བའི་རང་ཉིད་ཀྱི་ལྟ་ཚུལ་དེ་བརྗོད་བྱུང་། ཁུལ་དང་རྫོང་། ཞང་བཅས་རིམ་པ་གསུམ་གྱི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས། བསོད་རྡོ་ཡིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་སྡེ་དོན་དང་དམངས་དོན་རྟོགས་པ་དང་། དམངས་ཀྱི་འདོད་བློ་དང་དམངས་ཀྱི་ཁེ་ཕན་གྱི་མགྲིན་ཚབ་པ་བྱས་ཤིང་། རང་འགན་གཙང་སྒྲུབ་དང་དབུལ་ཐར་ཕྱུག་བསྒྱུར་གྱི་སྣེ་ཁྲིད་པ་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་སྲུང་སྐྱོབ་བྱས། 

རྨ་ལྷོ་ཁུལ་ཧི་ནན་རྫོང་ཉིན་མཐའ་གྲོང་རྡལ་གྱི་ཤྭ་ལ་སྡེ་བ་ནི་ཞང་གྲོང་རྡལ་དང་ཅུང་ཐག་རིང་བའི་སྲིད་འཛིན་སྡེ་བ་ཞིག་ཡིན་ཞིང་། འགྲིམ་འགྲུལ་སྟབས་མི་བདེ་བ་དང་འཕྲིན་གསར་གོ་དཀའ་བ་རེད། བསོད་རྡོ་ཡིས་སྡེ་མི་ཡོངས་ཀྱི་སྣེ་ཁྲིད་དེ་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་གསར་བསྒྱུར་བྱས་ནས། སྡེ་བ་ཡོངས་ཀྱི་དཔལ་འབྱོར་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་རྗེས་ལུས་ཡིན་པའི་