ཚན་རིག་ལ་བརྟེན་ནས་ཕྱུགས་འཚོ་བའི་ཕུལ་བྱུང་ཕྱུགས་རྫི་ཞིག
2015.07.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

རྒྱ་བྷོ་ནི་སྲིད་གྲོས་ཧེ་ཡན་རྫོང་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་སྐབས་དགུ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ་ཡིན་ལ། ད་ལོར་ལོ་ང་བདུན་རེད། ཚན་རིག་ལ་བརྟེན་ནས་ཕྱུགས་འཚོ་བར་སྣེ་ཁྲིད་བྱེད་མཁན་གྱི་ཕུལ་བྱུང་ཕྱུགས་རྫུ་ཞིག་ཀྱང་རེད། འབྲོག་པས་ནོར་ལུག་འཚོ་སྐྱོང་གི་གོ་རིམ་ཁྲོད་རང་གི་ཕྱུགས་ཁྱུ་ནང་ཁུལ་ཁོ་ན་ནས་རྒྱུད་སྤེལ་བ་ལས་ཕྱུགས་ཁྱུ་གཞན་དག་དང་བརྗེ་རེས་མེད་པའི་གནད་དོན་དེར་དམིགས་ནས་རྒྱ་བྷོས་ཐེམ་ཆེན་རྫོང་དང་ཏ་ཐུན་རྫོང་སོགས་ནས་ཕྱུགས་རྒྱུད་སྤེལ་བའི་འབྲེལ་ལམ་བཙུགས། ཁོའི་ནོར་ཁྱུ་ནི་ཧེ་ཡན་རྫོང་གི་ཆེས་བཟང་བའི་ནོར་ཁྱུ་ཡིན་ལ་ནད་འབྱུང་རྒྱུ་ཉུང་ལ་གཟུགས་སྟོབས་ཆེ་བར་མ་ཟད། ཤ་ཤེད་ཀྱང་ཧ་ཅང་བཟང་བས། ཁྱིམ་མཚེས་རྣམས་ཀྱིས་བསྟོད་པའི་མཐེ་བོང་སྟོན་གྱིན་འདུག

སྲིད་གྲོས་ཚོགས་འདུ་ཞིག་གི་སྟེང་། སྔོན་གྱི་སྲིད་གྲོས་ཀྲུའུ་ཞི་འཕྲིན་ལས་རྒྱ་མཚོས་སྲིད་གྲོས་ཨུ་ཡོན་ཡིན་པའི་རོང་འབྲོག་པ་ཚོ་དུས་རབས་ཀྱི་མདུན་དུ་བསྐྱོད་དགོས་པ་དང་། ཀུན་ལ་སྣེ་ཁྲིད་དེ་ཞིང་ཕྱུགས་ལས་མཉམ་ལས་ཁང་འཛུགས་པའི་སྐུལ་མ་བཏང་། ཁོས་བཤད་རྒྱུར། ཕྱུགས་ལས་མཉམ་ལས་ཁང་འཛུགས་པ་ནི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན་ལ། ཞིང་ཕྱུགས་ལས་ཀྱི་འགྲན་རྩོད་ཇེ་དྲག་ཏུ་གཏོང་བའི་དགོས