མཚོ་སྔོན་པོའི་གསེར་ཉའི་བློས་ཐུབ་སྲུང་དམག་ལྷ་རྒྱལ་ཚེ་རིང་།
2015.07.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22

ལྷ་རྒྱལ་ཚེ་རིང་དང་ཁོའི་ལས་གྲོགས་ཚོས་སྔ་དྲོའི་ཆུ་འགྲམ་གྱི་སྐོར་ཞིབ་མཇུག་རྫོགས་རྗེས། ཕྱིར་འོམ་ཆུ་འགྲམ་གྱི་གཞུང་ལས་ཁང་སྟེ་ལྗང་མདོག་སྦྲ་གུར་ཞིག་ཏུ་ལོག

 ལོ་སོ་བརྒྱད་ཡིན་པའི་ལྷ་རྒྱལ་ཚེ་རིང་ནི་རྐང་ཚ་རྫོང་ཉ་སྲིད་དོ་དམ་ཅུས་འོམ་ཆུ་ཉ་སྲིད་ཞིབ་བཤེར་ས་ཚིགས་ཀྱི་གཙོ་བདག་རེད། རྐང་ཚ་རྫོང་ལ་འོམ་ཆུ་དང་ཁྱོན་རྒྱས། ཧར་དགེ་བཅས་ཉ་སྲིད་ཞིབ་བཤེར་ས་ཚིགས་གསུམ་ཡོད་པ་དང་། མཚོ་ཁུལ་དང་གནད་ཆེའི་ཆུ་བོ། གནད་ཆེའི་ལམ་རྒྱུད། དེ་མིན་ཚོང་ར་དང་ཟ་ཁང་བཅས་ལ་ཁྲིམས་ལྟར་ཞིབ་བཤེར་བྱེད་པའི་འགན་ཁུར་ཡོད་དེ། ཁྲིམས་འགལ་སྒོས་ཉ་འཛིན་བཟུང་དང་ལྐོག་འདྲེན་བྱེད་པའི་བྱ་སྤྱོད་ལ་བཀག་སྡོམ་བྱས་དང་བྱེད་བཞིན་ཡོད། 

ལྷ་རྒྱལ་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། གསེར་ཉ་ནི་མཚོ་སྔོན་པོ་འབབ་རྒྱུད་ཀྱི་ཆུ་དང་ཉ། བྱའི་སྐྱེ་ཁམས་རིམ་རྒྱུད་ཀྱི་བདེ་འཇགས་དང་མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས། སྐྱེ་དངོས་སྣ་མང་ཅན་བཅས་ཀྱི་རྒྱུན་སྐྱོང་པའི་ཐད་ཧ་ཅང་གལ་ཆེན་ཡིན་ལ། དུར་ཡུན་རིང་བོར་གསེར་ཉ་ཚོད་འཛིན་མེད་པར་བཟུང་བས། དུས་རབས་ཉི་ཤུ་བའི་དུས་མགོར། མཚོ་སྔོན་པོའི་གསེར་ཉ་ཐོན་ཁུངས་ཀྱི་གྲངས་ཀ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་པས། ཆེས་མང་པོའི་དུས་ཀྱི་བརྒྱ་ཆའི་གོར་