ཨ་ནེ་དཀོན་མཆོག་སྐྱིད།
2015.07.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

ཨ་ནེ་དཀོན་མཆོག་སྐྱིད་ནིAསྡེ་བའི་རྒན་ཚང་གཅིག་པུ་ཡིན་ལ། ད་ལོ་ལོ་བརྒྱད་ཅུ་ལྷག་ལ་བུད་ཡོད། ཆེ་རྒྱུ་ཆུང་རྒྱུ་མེད་པའི་གཞིས་རྙིང་དེ་སྡེ་འདབས་བཞི་འགྱིག་གི་རྒྱ་ལམ་འགྲམ་དུ་ནག་ཧུར་རེར་མངོན་ཡོད་པས། མོའི་འགྲོ་འདུག་སྤྱོད་གསུམAསྡེ་བའི་ཆུ་ལེན་པ་དང་། ཉི་མར་ལྡེ་མཁན། འགྱིག་འདེད་མཁན། སྟེགས་གྲུག་རྩེད་མཁན་ཚོའི་མིག་ལམ་དུ་ལག་མཐིལ་གྱི་རི་མོ་ཇི་བཞིན་གསལ། ཡིན་རྒྱུ་ནི་སྡེ་བའི་ཚོང་ཁང་དང་སྟེགས་གྲུག འགྱིག་འདེད་གནས་ཚུལ་ཚང་མ་ཨ་ནེ་དཀོན་མཆོག་སྐྱིད་ཚང་གི་གཡུལ་ཁ་དང་ཚོད་རྭའི་ཕྱི་གྱང་དམའ་མོར་སྦྲེལ་ཡོད་པས་རེད།

ཁོ་མོས་ཉིན་རྒྱུན་དུ་གཡུལ་ཁའི་རྩྭ་འདབས་སུ་གཙང་ཕྱགས་རེ་བྱས་རྗེས། རྩྭ་སླེ་བོ་གང་རྒྱབ་ལ་ཁུར་ནས་མཚམས་ཚིགས་མེད་པར་བ་མོ་མ་བུ་གཉིས་ལ་རྩྭ་སྟེར་བའི་གོམས་གཤིས་ཤིག་རྒྱུན་འབྱམས་སུ་ཆགས་ཡོད།

མགོ་ནག་སྐྱིད་སྡུག་གནམ་གྱི་ལག གོ་ཁ་དྲོན་མོ་རང་གི་ལག་ཅེས་པ་ལྟར་མོས་བ་མོ་སེར་ལྡང་མའི་དྲིན་ལན་ལ་ཇ་ནག་ཁུ་ནངས་མ་གཅིག་ལའང་འཐུང་མ་མྱོང་བའི་མི་ཚད། ཉིན་གཉིས་ཀྱི་ནང་དུ་ཐེངས་གཅིག་རེར་བ་ཞོ་བརྒྱབ་ནས་རང་གི་འཚོ་ཚིས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ཡིད་སྐྱོ་བ་ཞིག་ལ། ན་ནིང་དགུན་སྨད་དུ་རྐུན་མ་ཞིག་གིས་བ་མོ་མ་བུ་གཉིས་ཀ་བརྐུ་རྩིས་བྱས་མོད། གླགས་མ་རྙེད་མཐར་