མང་ཚོགས་སེམས་ལ་བཅངས་པའི་ཧྲུའུ་ཅི་བཟང་པོ།
2015.07.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 50

ད་ལོ་ནི་རིན་ཀྲིན་ཏེས་རྨ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་བའི་ལོ་བཞི་བ་ཡིན།“ས་གནས་དེའི་ཧྲུའུ་ཅིའི་འགན་འཁུར་སྐབས་ངས་སྡུག་མྱངས་ནས་འབད་པ་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད”ཅེས་ཧྲུའུ་ཅིའི་འགན་ཁུར་པའི་ཉིན་དང་པོར་རིན་ཀྲིན་ཏེས་ལུས་འགྲམ་གྱི་མི་དག་ལ་དེ་ལྟར་བཤད་བྱུང་། ལོ་བཞི་ཡི་རིང་ཁོ་ཡང་ནས་བསྐྱར་དུ་ཕྱུགས་སྐྱོབ་གནོད་སེལ་གྱི་ཡུལ་དངོས་སུ་སོང་བ་དང་། ལོ་བཞི་ཡི་རིང་རྨ་སྟོད་རྫོང་གི་འབྲོག་པའི་ཡོང་སྒོ་ཇེ་མང་ནས་ཇེ་མང་དུ་འཕར་ཞིང་རྩྭ་ས་ཡང་བསྐྱར་སྔོ་ལྗང་དུ་གྱུར་ལ། “གང་ས་གང་དུ་མཚེའུ་ཡིས་ཁྱབ་པའི་མཛེས་ལྗོངས”བསྐྱར་དུ་མངོན།
ཟླ་དྲུག་པའི་ཉིན་ཞིག་ལ་མ་གཞི་དྭངས་གསལ་ཡིན་པའི་རྨ་སྟོད་ཀྱི་གནམ་ངོར་གློ་བུར་དུ་སྤྲིན་ནག་འཁྲིགས་ཏེ་ཁ་བ་བབས་བྱུང་། “མཐོ་སྒང་གི་ནམ་ཟླ་ནི་བྱིས་པའི་ངོ་གདོང་བཞིན་འགྱུར་ལྡོགཆེན་པོ་ཡོད།”མཚོ་སྐྱ་རེངས་འགྲམ་ནས་རིན་ཀྲིན་ཏེས་གསར་འགོད་པར་བཤད་རྒྱུར། གནམ་གཤིས་ལ་འགྱུར་ལྡོག་འབྱུང་སླ་ཞིང་ཆ་སྙོམས་བྱས་ན་མཚོ་ངོས་ལས་མཐོ་ཚད་མུས་བཞི་སྟོང་ལྔ་བརྒྱའི་ཡན་ཡོད་པའི་རྨ་སྟོད་རྫོང་དུ“ལོ་ལྔའི་ནང་གནོད་པ་ཚབས་ཆེན་ཐེངས་ཤིག་དང་ལོ་གསུམ་ནང་གནོད་པ་འབྲིང་བ་ཐེངས་ཤིག ལོ་རེ་རེར་གནོད་པ་ཆུང་བ་ཐེངས་