རྩྭ་ཐང་གི་སང་ཉིན་ཁུར་དུ་བླངས།
2015.07.16 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 37

1.jpg

བསྟན་པ་རྒྱ་མཚོ་ནི་ལ་མོ་བྲག་རྒན་སྐུ་ཕྲེང་དྲུག་པ་ཡིན་ལ། མདོ་ལ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་རིན་གཞོན་པ་དང་། སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པས་འགན་ཁུར་མྱོང་། དམངས་ཆེན་དང་སྲིད་གྲོས་སུ་བྱ་བ་སྒྲུབ་པའི་ལོ་བཅུའི་ཁྲོད། བསྟན་པ་རྒྱ་མཚོ་ཡིས་ཧུར་ཐག་གིས་ཏང་གི་སྲིད་ཇུས་བྱེད་ཕྱོགས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་བྱས་པ་དང་། སེམས་ཤུགས་ཡོད་ཚད་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་ངལ་སེལ་བའི་སྟེང་བཀོལ་ཀྱིན་ཡོད་པ་མ་ཟད། ནན་ཏན་སྒོས་འགན་འཁྲི་དང་ལེན་བྱས་ཏེ། ས་ཁུལ་བརྟན་འཇགས་འཕེལ་རྒྱས་ལ་དཔེ་སྟོན་གྱི་བྱེད་ནུས་བཏོན།

འབྲོང་ལུང་ཞང་མི་རིགས་བཅའ་སྡོད་སློབ་ཆུང་ནི1957ལོའི་ཟླ་བདུན་པར་བཙུགས་པ་ཡིན་ལ། ས་ཆ་ཐག་རིང་བ་དང་དགེ་རྒན་གྱི་མི་འདང་བར་ཁ་གཏད་ནས། བསྟན་པ་རྒྱ་མཚོས་སློབ་གྲྭ་རྒྱ་བསྐྱེད་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་གྱི་ཐད་འབད་བརྩོན་ཆེན་པོ་བྱས། ཞང་ཏང་ཨུ་དང་སྲིད་གཞུང་། བསྟན་པ་རྒྱ་མཚོ་བཅས་ཀྱིས་མཉམ་དུ་འབད་པ་བྱས་འོག སློབ་གྲྭ་འཛུགས་སྐྲུན་ད