ཨ་མྱེས་སྟོང་སོའི་རི་འདབས་ཀྱི་མེ་ཏོག་སེར་ཆེན།(རྒྱང་སྒྲོག)
2015.07.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 46

pic001.jpg

དགེ་རྒན་ལིས་ཞིག་ཆིན་གྱིས་སློབ་མ་རྣམས་ལ་གནའ་གཏམ་བཤད་བཞིན་པའི་ཚུལ་རེད།

མཐོ་ཞིང་བརྗིད་པའི་ཨ་མྱེས་སྟོང་སོའི་རི་འདབས་སུ་དུས་བཞིར་འགྱུར་བ་མེད་པའི་གསོམ་སྡོང་རྐང་གཅིག་ཀྲོང་ངེར་འགྱིང་ཡོད་ཅིང་། ལྷུང་ལྷུང་དུ་འབབ་པའི་གསེར་ལྡན་ཆུ་བོའི་འགྲམ་རྒྱུད་དུ་མེ་ཏོག་སེར་ཆེན་རྐང་གཅིག་ལྷམ་མེར་བཞད་ཡོད་པ་དེ་ནི། རྒྱང་རིང་དབུལ་ཕོངས་རི་ཁུལ་དུ་རང་ཉིད་ཀྱི་ཚེ་སྲོག་གི་རིན་ཐང་སློབ་གསོའི་ལས་དོན་ལ་འབུལ་བཞིན་པའི་དགེ་རྒན་ལིས་ཞིག་ཆིན་ལགས་རེད།

དབྱར་ཟླ་དྲུག་པའི་ལྗོན་ཤིང་གི་ལོ་འདབ་རྒྱས་ཤིང་། སྤང་ལྗོངས་སྔོན་མོར་མེ་ཏོག་གི་དྲི་བསུང་འཐིབས་པའི་དུས་ཚིགས་བཟང་པོའི་ཉིན་ཞིག་ལ་ང་ཚོ་བཅར་འདྲི་ཚན་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་ཐོན་པ་དང་། འབྲེལ་ཡོད་མགོ་ཁྲིད་མི་སྣས་མཚམས་སྦྱོར་བྱས་པ་ལྟར། མདོ་ལའི་དཔེ་ལེགས་མི་སྣ་བདུན་པོའི་ཁྲོད་ཀྱི་གཅིག་སྟེ། མདོ་ལ་རྫོང་ཆ་ཚང་སློབ་ཆུང་དང་པོའི་དགེ