ཐང་གའི་རྒྱུན་འཛིན་པ་ཚེ་རིང་ནོར་བུ།
2015.07.20 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 41

ལྡེབས་རིས་ནི་ཐུན་མོང་མ་ཡིན་པའི་རི་མོའི་འབྲི་སྲོལ་ཞིག་རེད། ཁང་པ་སོགས་ཀྱི་གྱང་ལྡེབས་སུ་བྲིས་པའི་རྐྱེན་གྱིས་ལྡེབས་རིས་ཞེས་འབོད་པ་དང་། བོད་ཀྱི་ལྡེབས་རིས་ཀྱི་མཚོན་དོན་ལ་གཙོ་བོ་ལོ་རྒྱུས་ཐོག་གི་གནས་ཚུལ་དང་ངོ་མཚར་ཆེ་བའི་མི་སྣའི་གཏམ་རྒྱུད། དམངས་ཁྲོད་བཤད་རྒྱུན། བོད་ལུགས་གསོ་རིག་གི་རི་མོའི་འགྲེལ་པ། སྐར་རྩིས་དང་འབྱུང་རྩིས། ཆོས་ལུགས་དང་ལྷ་སྒྲུང་སོགས་ཚུད་ཡོད། དགོན་སྡེ་དང་ལྷ་ཁང་། ཕོ་བྲང་། སྒེར་གྱི་སྡོད་ཁང་དང་དེ་བཞིན་འགྲུལ་ཁང་སོགས་ག་ས་གང་དུ་ལྡེབས་རིས་མཐོང་རྒྱུ་ཡོད་ཅིང་། སྐབས་རེར་ཕྱི་ཕྱོགས་དང་དགོན་སྡེའི་ལྷ་ཁང་གི་གནམ་ཐོག་སོགས་སུ་ཡང་ལྡེབས་རིས་མཐོང་རྒྱུ་ཡོད།

བོད་དུ་ལྡེབས་རིས་འབྲི་སྲོལ་དར་བ་ནས་ད་བར་དུས་ཡུན་ཧ་ཅང་རིང་པོ་སོང་བ་དང་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་རི་མོ་བ་རིམ་བྱོན་གྱིས་རྒྱུན་ཆད་མེད་པར་ལག་ལེན་དང་སྦྱོང་བརྡར་བྱས་པ་བརྒྱུད་ནས་གསར་གཏོད་བྱས་པར་མ་ཟད། མི་རིགས་གཞན་གྱི་རི་མོའི་ལེགས་ཆ་བསྡུ་ལེན་བྱས་ཏེ་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་སྒྱུ་རྩལ་ཉམས་འགྱུར་དང་། སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པ། གཞི་ཁྱོན་ཆེ་ཞིང་མཚོན་ཚུལ་སྣ་ཚོགས་ལྡན་པའི་ལྡེབས་རིས་ཀྱི་འབྲི་ལུགས་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་བང