ངག་དགའ། གུང་ཁྲན་ཏང་ཡོན་ཞིག་གི་མི་ཚེའི་རང་མདངས།
2015.07.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 40

ཟླ་བཞི་བའི་དཔལ་ཐང་རྩ་ཐང་དུ་གངས་ཀྱི་ཕྲེང་བ་ཚར་དུ་དངར་ཞིང་།
ལྷགས་རླུང་གི་རྒྱུ་བ་ད་དུང་ཤུར་ཤུར་ལྡང་།
ཟླ་བཞི་བའི་ཡུས་ཧྲུའུ་ཡི་སྲང་ལམ་གཙང་ཞིང་གྲ་དག་ལ།
ཁང་བརྩེགས་མཐོན་པོ་དག་ཨ་སྔོན་དགུང་ལ་ཟུག
གནས་འདི་ནི་ཁྱེད་ཀྱིས་ཚེ་སྲོག་གིས་བསྟོད་གླུ་བྲིས་མྱོང་བའི་ཕ་ཡུལ་ཡིན་ལ།
གནས་འདི་ནི་ཁྱེད་ཀྱིས་དྲིན་གཟོའི་སེམས་ཀྱིས་བསྐྱངས་བའི་ཕ་གཞིས་ཡིན།
ཁྱེད་ཀྱི་ཚེ་སྲོག་གི་ཞབས་རྗེས་བསྙེགས་ནས་ང་རང་ཡུས་ཧྲུའུ་རུ་འབྱོར།
ཁྱེད་ཉིད་འཚོ་ཞིང་བཞུགས་མྱོང་བའི་ས་གཞི་འདིའི་སྟེང་དུ་ད་གཟོད་ཁྱེད་རང་རྩ་་ཐང་གི་བུ་ཕྲུག་ཅིག་དང་། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་མི་ཚེའི་མཐོ་ཚད་དེ་ལ་ངེས་ཤེས་གསལ་བོ་ལེན་ཐུབ།

659589_586559.jpg

བློ་མཐུན་ངག་དགའ་འཚོ་བཞུགས་དུས་སུ་བྱ་བ་སྒྲུབ་སྐབས་ཀྱི་འདྲ་པར།

ཡུས་ཧྲུའུ་རྫོང་ནི་ཁྱེད་ཀྱི་ཚེ་སྲོག་གི་མགོ་རྩོམ་ས་ཡིན། ལོ་ངོ་རེ་བཞིའི་ཡར་སྔོན་ལ་ངག་དགའ་རྩྭ་ཐང་གི་འབྲོག་ཁྱིམ་ཕལ་བ་ཞིག་