འབྲོག་པ་སྤྱི་ཞབས་པ་ཞིག་གི་མི་ཚེ་ཧྲིལ་བོ།
2015.07.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

675321_452177.jpg

འཚོ་བཞུགས་དུས་སུ་མང་ཚོགས་ཀྱི་བདེ་སྡུག་འདྲི་རྟོགས་བྱེད་བཞིན་པའི་བློ་མཐུན་སྐལ་བཟང་།

ཉེ་ལམ། ཁ་པར་འཕྲོ་རིམ་འཕྲོར་བཏང་ཡོང་སྟེ། གསར་འགོད་པས་སྔོན་ཆད་བཅར་འདྲི་བྱས་མྱོང་བའི་བགྲེས་པོ་ཞིག་གི་གནས་ཚུལ་དྲིས་ཡོང་། ཁ་པར་དེ་དག་གིས་གསར་འགོད་པ་ཡང་བསྐྱར་ལོ་འགའི་སྔོན་གྱི་ཉིན་ཞིག་གི་ཕྱི་དྲོ་དེར་བསྐྱལ་སོང་།

དེ་ནི2011ལོའི་ཟླ11པའི་ཚེས1ཉིན་གྱི་ཕྱི་དྲོ་ཞིག་ཡིན།

ཕྱི་དྲོ་དེར་གསར་འགོད་པ་བགྲེས་པོ་ཞིག་ལ་འཚམས་འདྲིར་བྱེད་པར་སོང་བ་ཡིན། ཡིན་ཡང་བགྲེས་པོ་དེ་འཇིག་རྟེན་མི་ཡུལ་དང་རིང་དུ་བྲལ་སོང་། དེ་བས། གསར་འགོད་པ་ཁོང་ཉིད་བཞུགས་སའི་སྡོད་ཁང་དེར་སྐྱོད་སྐབས། བགྲེས་པོ་དེ་མཐོང་ལམ་དུ་ཤར་བའི་སྐལ་བ་བྲལ་ཡང་། ཁོང་གི་གྲིབ་གཟུགས་ངའི་མཐོང་ལམ་དུ་མངོན་བྱུང་།

དེ་ནི་མལ་ཁང་གསུམ་དང་འགྲུལ་ཁང་རེ་དང་གསོལ་ཁང་རེ་ཡོད་པའི་སྡོད་ཁང་ཞིག་ཡིན་ལ། རྒྱ་ཁྱོན་ལ་མུས་གྲུ་བཞི་མ110ལྷག་ཡོད་པ་དེ་རེད། མལ་ཁང་ཆུང་བ་གཉིས་སུ་མལ་ཁྲི་གསུམ