འབྲོག་པ་སྤྱི་ཞབས་པ་ཞིག་གི་མི་ཚེ་ཧྲིལ་བོ།
2015.07.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 68

675325_379450.jpg

བློ་མཐུན་སྐལ་བཟང་ལགས་འཚོ་བཞུགས་དུས་ཀྱི་འདྲ་པར།

2002ལོ་ནས་བཟུང་ཁོང་རི་མགོར་འགོ་བའི་ནུས་པ་ཡོངས་སུ་ཟད། ཁོང་ཉིད་ན་ཚོད་རྒས་པ་དང་ལུས་སྟོབས་ཀྱང་ཉམས་སོང་། གཅིན་རྙི་ཟ་ཁུ་དང་ཁྲག་ཤེད་མཐོ་བ། གློ་སྙིང་བསྡོངས་པའི་ནད། གློ་བའི་རླུང་སྐྲངས། མདུན་ཆགས་རྨེན་བུ་སྐྲངས་པ་སོགས་ཀྱི་ནད་ཡམས་སྣ་ཚོགས་བྱུང་བས། ཁོང་གིས་མུ་མཐུད་དུ་རི་མགོར་སྡོང་བོ་འཛུགས་མ་ཐུབ།

དེ་ནས་ལྷོ་རི་དང་བྱང་རི་ལྗང་བསྒྱུར་བཀོད་འདོམས་པུའུ་ཡི་རྒྱུན་ལས་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པའི་གོ་གནས་ནས་ངལ་གསོ་ཡག་པོ་བྱས། མི་ཚེ་འདིར་ཁོང་ལ་ཉི་མ་མང་པོ་ལྷག་མེད་པས་ཁོང་ཉིད་སླར་ཡང་རྩྭ་ཐང་དུ་ལོག་འདོད་སྐྱེས། དེ་ནི་ཁོང་གི་ཕ་ཡུལ་ཡིན་པས་ཁོང་ཉིད་རང་གི་ལུས་ཕུང་ལ་སེམས་ཁུར་ཆེ་རུང་སྔར་བཞིན་ལོག་འདོད་སྐྱེས་པ་རེད། གལ་ཏེ་མྱུར་དུ་ཕ་ཡུལ་དུ་མ་ལོག་ཚེ་དུས་གཏན་དུ་ཕ་ཡུལ་དུ་ལོག་པའི་སྐལ་བ་ཡོད་མི་སྲིད། ཁོང་གིས་རྩ་འཛུགས་ལ་རང་གི་རེ་འདུན་ཡང་བཏོན། དེ་ནི་ཁོང་གིས་རང་ཉིད་ཀྱི་དོན