ཚེ་སྲོག་ས་ཞིང་དང་འབྲལ་ཐབས་མེད་པ།
2015.07.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 45

  ཀརྨ་དབང་གྲགས་ནི་རང་ཉིད་ཀྱིས་སྦྱོང་བའི་རིག་གནས་ལ་བརྟེན་ནས་ཞིང་ཁའི་ལས་དོན་ཕྱོགས་སུ་ཞབས་ཞུ་བྱེད་པའི་ཁམས་པའི་ཕོ་རྒོད་ཅིག་དང་། མང་ཚོགས་ཀྱི་ཁྲོད་དུ་རྐང་བཙུགས་ཤིང་ལས་ཡུལ་དུ་ནུས་པ་གང་ཡོད་འབུལ་བའི་གུང་ཁྲན་ཏང་ཡོན་ཞིག་རེད། 

1991ལོའི་ཟླ་བདུན་པར། ལོ་ན21ལ་སོན་པའི་ཀརྨ་དབང་གྲགས་བྱ་བའི་ལས་རྐང་དུ་བུད་དེ། ཞིང་འདེབས་པ་དང་འབྲེལ་བའི་ལས་རིགས་སྒྲུབ་པའི་མགོ་བརྩམས་པ་རེད།
  ངས་སློབ་གྲྭ་ནས་སྦྱངས་པའི་ཆེད་ལས་ནི་འདི་ཡིན། བྱ་བ་འདི་ནི་ངའི་ཕུགས་བསམ་ཞིག་ཡིན་ཞེས་གསར་འགོད་པར་དེ་ལྟར་བཤད་བྱུང་། རེད་ཡ། སློབ་གྲྭ་ནས་མཐར་ཕྱིན་རྗེས་བློ་གཅིག་སེམས་གཅིག་གིས་ཡུལ་མི་རྣམས་ལ་རོགས་བྱས་ནས་ཞིང་ས་ནས་སྔར་ལས་མང་པོའི་འབྲུ་རིགས་ཐོན་པར་རོགས་བྱ་རྒྱུའི་བསམ་ཚུལ་དེ་མངོན་འགྱུར་བྱེད་པའི་མགོ་བརྩམས་པ་རེད། 

ཐོག་མར་བྱ་བའི་ནང་ཞུགས་དུས་ཆ་རྐྱེན་ཧ་ཅང་ཞན་པ་དང་། རྟར་ཞོན་པ་དང་རྒྱུ་ཆ་ཁུར་ནས་ཞང་གཅིག་ཏུ་བྱ་བ་བསྒྲུབས་པར་ཡང་དུས་ཡུན་ཟླ་གཅིག་དགོས་པ་རེད། སྐབས་དེར་ཡུལ་མི་ཚོས་ཁོའི་བྱ་བར་ཁས་མི་ལེན་པ་དེ་ནི་དཀའ་ངལ་གཞན་ལས་སྡུག་པ་ཞིག་ཡིན། འདི་ནི་གཞན་ལས་གལ་ཆེ་བའི་གནད་དོན་ཞིག་ཡིན། ཀརྨ་དབང་གྲགས་ཀྱིས་བསམ་བློ་ཅུང་ཙམ་བཏང་རྗེས་མུ་མཐུད