ལོ་བརྒྱད་ཀྱི་སྔོན་ལ། ཀོ་རྒྱ་མཚོ་ཡིས་རང་དོན་སྐྱུར་ནས་གཞན་དོན་ཁུར་དུ་བླངས་ཏེ། བདག་སྐྱོང་བྱ་དགོས་པའི་ཕ་མ་དང་བྱིས་པ་སྐྱུར་ཏེ། རྫོང་མཁར་དང་བར་ཐག་སྤྱི་ལེ་ཉིས་བརྒྱ་ཡོད་པའི་ཀན་སུའུ་དང་འབྲེལ་བའི་མང་ཟླ་སྡེ་བར་སོང་ནས་ཁུལ་ཡོངས་ཀྱི་བཟའ་ཟླའི་ཉེན་ཟོན་ཁང་བཙུགས། རང་བྱུང་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ཞན་པར་ཁ་གཏད་ནས། ཁོས་བརྩེ་སེམས་ཡོད་ཚད་བྱ་བའི་སྟེང་བཀོལ་བ་དང་། བྱ་བའི་བྱེད་ཐབས་གསར་གཏོད་བྱས་ཤིང་། ཁྱིམ་ཚང་སོ་སོར་སོང་ནས་བྱ་བ་བསྒྲུབས་པ་དང་། མང་ཚོགས་དང་བར་ཐག་མེད་པར་འབྲེལ་འདྲིས་ཟབ་མོ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུས། ཁོས་བརྩེ་བ་ཟབ་མོས་མི་དམངས་ལ་བརྩེ་བའི་བྱ་འགུལ་སྣ་ཚོགས་སྤེལ་བས། མི་རྣམས་ཀྱིས་ཁོ་ལ་ཨ་ཁུ་ཀོ་ཞེས་འབོད་ཀྱིན་ཡོད།
རི་ཁུལ་གྱི་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་ལ། འབྲོག་པ་རྣམས་ཀྱིས་ཁྱིམ་ཐོ་དང་ཐོབ་ཐང་ལག་འཁྱེར་ལས་པར་རྟར་ཞོན་པ་དང་ཡང་ན་འཕྲུལ་རྟ་ཞོན་ནས་སྤྱི་ལེ་བཅུ་ཕྲག་འགའི་མཚམས་སུ་ཡོད་པའི་མཁར་དམར་མངག་གཏོང་ཁང་དུ་སོང་ནས་འགྲོ་ལུགས་སྒྲུབ་དགོས། མང་ཚོགས་ཀྱི་བྱ་བ་སྒྲུབ་པར་སྟབས་བདེ་བཟོ་ཆེད། ཀོ་རྒྱ་མཚོ་ཡིས་རང་འགུལ་སྒོས་ཚབ་སྒྲུབ་བྱེད་ཀྱིན་ཡོད་པ་མ་ཟད། ཐོབ་ཐང་ལག་འཁྱེར་སོགས་ལས་ནས་འགྲུབ་ཡོད་པ་རྣམས་དངོས་སུ་སོང་ནས་འབྲོག་པ་མང