བསོད་ཚེ་དང་ཁོའི“ཁམས་པའི་དག་ཞིང་།”
2015.08.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་ཐོན་པ་ན། ཡུས་ཧྲུའུ་གནམ་གྲུ་ཐང་དང་ཐག་ཉེ་བའི་དཔལ་ཐང་དུ་སྦྲ་ནག་གི་གླིང་ཀ་ཧ་ཅང་མང་པོ་ཡོད་ལ། གླིང་ཀའི་སྒོ་བྱང་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས“ཁམས་པའི་དག་ཞིང”ཞེས་བྲིས་འདུག དེའི་བདག་པོ་ནི་ཏག་ཏག་ང་ཚོའི་བཅར་འདྲི་བྱ་ཡུལ་ཏེ། ཁྲི་འདུ་རྫོང་འདམ་མདའ་གྲོང་རྡལ་སྐྱེ་ཁམས་གནས་སྤོ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ་བསོད་ཚེ་རེད།

ལབ་གླེང་གི་ཁྲོད་ནས་ང་ཚོས་ཁོ་རང་ན་ནིང་ནས་ལས་འཁྱུར་ངལ་གསོ་བྱས་ཟིན་ན་ཡང་ད་དུང་འདམ་མདའ་གྲོང་རྡལ་སྐྱེ་ཁམས་གནས་སྤོ་སྡེ་ཁུལ་གྱི་མི་རྣམས་ཀྱི་ལས་ཞུགས་གནད་དོན་གྱི་ཆེད་དུ་འདུར་གྱིན་ཡོད་པ་དང་། རྗེས་མཐུད་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་དཀའ་ཁག་བསལ་ཆེད་དུ་ཁོམ་གྱིན་མེད་པ་ཤེས།

ཁྲི་འདུ་རྫོང་འདམ་མདའ་གྲོང་རྡལ་གྱི་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་པའི་ཁམས་པའི་ཕོ་གསར་དེས་བློ་རིག་སྐྱེན་ཞིང་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས། ནོར་ལུག་གི་རྗེས་ནས་དཀའ་ཚེགས་ཆེ་བའི་ཚོང་ལམ་ཞིག་བསྙེགས་ཤིང་། སྡེ་བའི་ནང་གི་ཕྱུག་བསྒྱུར་འཇོན་མིར་གྱུར། ཡིན་ན་ཡང་། ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས། ཁོས་རང་ཉིད་ཀྱི་འགན་འཁྲི་དུས་དང་རྣམ་པ་ཀུན་ཏུ་མ་བརྗེད་པར་ཡིད་ལ་བཟུང་ཡོད། “རང