མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་གྱི་ལམ་དུ་སྙེག་མཁན།
2015.08.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 31

གཡང་ལུང་ཞང་ཆུ་ཁོག་སྡེ་བ་རུ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དོན་འགྲུབ་གླེང་སྐབས། མང་ཚོགས་ཚང་མས་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་ཡོད། ཁོས་ལོ་ངོ་བཅུ་ཕྲག་འགའ་ཉིན་གཅིག་ཏུ་སྣང་ནས་སྡེ་བ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་དང་འཆམ་མཐུན་གྱི་ཆེད་དུ་བྱ་བའི་ལས་ལ་བྲེལ་བཞིན་ཡོད། ཁོའི་སྣེ་ཁྲིད་འོག་ཏུ། སྡེ་བའི་རྣམ་པ་འགྱུར་ལྡོག་མངོན་གསལ་བྱུང་བ་དང་། མང་ཚོགས་ཀྱི་ཡོང་སྒོ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

དོན་འགྲུབ་ཀྱིས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས་པའི་ཚུན་ལ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་རྣམས་ཀྱིས་མཐུན་སྒྲིལ་སྒོས་སྡེ་བ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ། ཕྱུགས་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་རྣམ་པ་བསྒྱུར་བ་དང་། ཧུར་ཐག་གིས་ཕྱུགས་ལས་ཀྱི་སྤུས་ཚད་དང་ཡོང་སྒོ་འཕར་སྣོན་གྱི་ཐད་འབད་པ་བྱས་ཏེ། ཆུ་ཁོག་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། རྩྭ་ས་མུའུ་འབུམ་བཞི་དང་ཁྲི་ལྔ། ཕྱུགས་ཟོག་ཁྲི་གཉིས་དང་སྟོང་དགུ་བརྒྱ་གཅིག་བསྡུས་བྱས་ལ། མཉམ་ལས་ཁང་དུ་ཞུགས་པའི་འབྲོག་པ་ཁྱིམ་ཚང་བརྒྱ་དང་གཉིས། མི་གྲངས་བཞི་བརྒྱ་བཞི་བཅུ་ཡོད། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་ལོ་གཉིས་ལ་ཐེངས་གསུམ་རྩེབ་པའི་དཔེ