ཚེ་བྷོའི་ཕྱུག་འགྱུར་གྱི་ལམ་བུ།
2015.08.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

“ཝེ། ཁྱོད་ཚེ་བྷོ་ཨེ་ཡིན། ང་ལ་འབྲི་ཞོ་འགྱིག་ཟོ་བཞི་དགོས། ཕྱི་དྲོ་ལེན་དུ་ཡོང་རྒྱུ།” སྔ་མོར་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱི་གངས་རི་གཡང་འཁྱིལ་ཟེར་བའི་ཁྱིམ་ཚང་མགྲོན་ཁང་ཞིག་གི་ནང་དུ་ཚེ་བྷོ་དང་ཆུང་མ་གཉིས་ཀྱིས་མདང་དགོང་བསྙལ་བའི་ཞོ་འཁྱགས་སྒམ་དུ་འཇོག་པའི་སྐབས་སུ་ཞོ་མངག་ཉོ་བྱེད་པའི་ཁ་པར་ཞིག་འབྱོར་བྱུང་།

ཚེ་བྷོ་དང་ཆུང་མས་འབྲི་ཞོ་བཙོང་བའི་དུས་ཡུན་ལོ་གཉིས་འགོར་སོང་། ཐོག་མར་ཁོ་གཉིས་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མགར་རྩེ་ས་ཁུལ་གྱི་འབྲོག་པ་ཚོས་རང་གིས་འབྲི་ཞོ་བསྙལ་ནས་ཕྱིར་བཙོངས་པའི་ཚོང་ཧ་ཅང་བྲིན་པའི་གནས་ཚུལ་དེ་ཤེས་ཡོད་པས། རང་གིས་ཀྱང་འབྲི་ཞོ་བསྙལ་ནས་བཙོང་འདོད་པའི་བསམ་ཚུལ་སྐྱེས། ཚེ་བྷོས་རགས་རྩིས་བརྒྱབ་སྟེ། ཉིན་གཅིག་ལ་ཞོ་ཟོ་ལྔ་ཡས་མས་ཕྱིར་བཙོངས་ན། ཡོང་སྒོ་སྒོར་ལྔ་བརྒྱ་ལྷག་ཡོད། མཚམས་ལན་རེར་མང་ཙམ་བཙོང་ཐུབ་ན་ཡོང་སྒོ་སྒོར་སྟོང་ལྷག་ཡོད།

སུམ་མདོ་གྲོང་རྡལ་སྡོད་ཁུལ་གྱི་ཀྲུའུ་རིན་འཇམ་དཔལ་རྡོ་རྗེ་ཡིས་བཤད་རྒྱུར། ང་ཡང་ཁོ་ཚང་གི་མགྲོན་པོ་རྙིང་བ་ཞིག་ཡིན། ཁོ་ཚང་གི་འབྲི་ཞོ་སྔ་མོ་ནས་སོང་ཏེ་མ་ཉོས་ཚེ་ཉོ་མི་ཐུབ་ལ། སྐབས་འགར་སྔོན་ལ་མངག་ཉོ་བྱེད་དགོས།

འབྲི་ཞོ་བཙོང་བའི་ཁར། ཚེ་བྷོ་ཚང་གི་ཁྱིམ