རྟ་རྒན་བྲེས་ལ་བཏགས་གྱུར་ཀྱང་དཔའ་ཉམས་བློ་སྟོབས་ཉམས་མི་འགྱུར།
2015.08.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

 དབྱར་གཞུང་སྐབས་ཀྱི་དཔལ་ཐང་རྩྭ་ཐང་ནི་གནམ་ངོ་སྔོ་ཐིང་ཐིང་དུ་གནས། དཔལ་ཐང་ཞང་དཔལ་སྟོད་སྡེ་བའི་གླུ་གར་འཁྲབ་སྟོན་རུ་ཁག་གིས་ཞབས་བྲོ་ནང་སྦྱོང་བྱེད་པར་བྲེལ་འདུག ད་ལོར་ལོ་བདུན་ཅུ་ལ་སོན་པའི་དཔལ་སྟོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་མགྲིན་ཚེ་རྒྱལ་གཞོགས་སུ་ལངས་ཏེ་ཞབས་བྲོ་འཁྲབ་སྟོན་རུ་ཁག་གི་ན་གཞོན་པར་མཛུབ་སྟོན་བྱེད་ཞོར་འཁྲབ་སྟོན་རུ་ཁག་གི་ན་གཞོན་དང་མཉམ་དུ་ཞབས་བྲོ་འཁྲབ་བཞིན་འདུག

དཔལ་སྟོད་སྡེ་བར་ཁྱིམ་ཚང་ལྔ་བརྒྱ་དང་གསུམ་དང་མི་གྲངས་སྟོང་གཅིག་དང་བདུན་བརྒྱ་དྲུག་ཅུ་ཡོད། སྡེ་མི་ཡོངས་ཀྱི་ལོ་གཅིག་གི་དཔལ་འབྱོར་ཡོང་སྒོ་ནི་ཕྱུགས་ལས་དང་དབྱར་རྩྭ་དགུན་འབུ་བརྐོ་བ་ཙམ་ལ་ལྟ་བཞིན་ཡོད། 2005ལོར་རྟ་མགྲིན་ཚེ་རྒྱལ་གྱིས་དཔལ་སྟོད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར། སྐབས་དེར་ཁོ་རང་ལོ་དྲུག་ཅུར་བུད་ཡོད་ནའང་དཔའ་ཉམས་བློ་སྟོབས་ད་རུང་ན་གཞོན་ཞིག་དང་འདྲ། ཕྱུགས་ལས་ནི་འབྲོག་པའི་ཡོང་སྒོའི་འབྱུང་རྩ་ཡིན་པས་དབྱར་རྩྭ་དགུན་འབུའི་ཡོང་སྒོ་བཙལ་བ་སླ་མོ་ཡིན་རུང་བརྟན་འཇགས་མིན་པ་རྟ་མགྲིན་ཚེ་རྒྱལ་གྱིས་ཤེས་པས། ཁོས་སྡེ་བའི་འབྲོག་པ་རྣམས་ལ་སློབ་གསོ་ཡང་ཡང་བཏང་ནས། ཁོ་ཚོར་དབྱར་རྩྭ་དགུན་འབུ་བརྐོས་ནས་ཡོང་སྒོ་བཙལ་ཆོག་རུང་ཕྱུགས་ལས་གཏན་ནས་འདོར་