ང་ཚོའི་སེམས་ཁོངས་ཀྱི་གྲོགས་པོ་བཟང་པོ་བཱང་ཁྲིན་ཡོན།
2015.09.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཉེ་བའི་ཉིན་འགའི་རིང་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཡི་སྔོན་ཆད་ཀྱི་ཅུའུ་ཀྲང་གཞོན་པ། འགྲུལ་འགྲིམ་ཡན་ལག་རུ་ཁག་གི་སྔོན་ཆད་ཀྱི་རུ་དཔོན་བཱང་ཁྲིན་ཡོན་གྱི་སྔོན་ཐོན་བྱས་རྗེས་དེ་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་ཁྲོད་ཁྱབ་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བློ་མཐུན་བཱང་ཁྲིན་ཡོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཞིག་བསླངས།

བློ་མཐུན་བཱང་ཁྲིན་ཡོན་ཚེ་ལས་འདས་པ་དེས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པར་མགོ་ཁྲིད་པ་བཟང་པོ་ཞིག་དང་། སྤུན་ཟླ་བཟང་པོ་ཞིག འཐབ་གྲོགས་བཟང་པོ་ཞིག་མེད་སོང་བ་རེད། ཁོའི་ཡིད་སེམས་འགུལ་བའི་བྱས་རྗེས་དེས་མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་པར་མ་ཟད་སྐུལ་ལྕག་ཡང་ཐེབས་བཞིན་ཡོད། ཚང་མས་གཅིག་གྱུར་གྱིས་བཤད་རྒྱུར། བཱང་ཁྲིན་ཡོན་ནི་རང་ཞིང་གི་སྤྱི་བདེ་ལས་ཁུངས་ཀྱི་དུས་སྐབས་གསར་བའི་ནང་བྱུང་བའི་དཔའ་བོའི་མིག་དཔེ་ཅིག་དང་། མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱི་གཟི་བརྗིད་ཅིག མི་དམངས་ཉ